18895
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཔའ་བར་འགྲོ་བའི་མདོ་ལས་བྱུང་བ་སྟེ། ཀུན་དགའ་བོ་བཞིན་དུ་དེ་བཞིན་གཤེགས་པའི་གཡོག་བྱེད། ཤཱ་རིའི་བུ་བཞིན་དུ་ཤེས་རབ་ཆེ། མོའུ་འགལ་གྱི་བུ་ཆེན་པོ་བཞིན་དུ་རྫུ་འཕྲུལ་ཆེ། འོད་སྲུང་ཆེན་པོ་བཞིན་དུ་སྦྱངས་པ་སྨྲ། གང་པོ་བཞིན་དུ་ཆོས་སྨྲ་བར་གྱུར། སྒྲ་གཅན་ཟིན་བཞིན་དུ་བསླབ་པ་འདོད་པར་གྱུར། ཉེ་བར་འཁོར་བཞིན་དུ་འདུལ་བ་འཛིན། མ་འགགས་པ་བཞིན་དུ་ལྷའི་མིག་དང་ལྡན། ནམ་གྲུ་བཞིན་དུ་བསམ་གཏན་པར་གྱུར། རབ་འབྱོར་བཞིན་དུ་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་པའོ། ། |
| Domain | ཆོས་ལུགས། |