18901
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་ལ་གནས་པ་གང་ཟག་གི་རྣམ་གཞག་ལ་ཉན་ཐོས་ཞུགས་གནས་བརྒྱད་ཡོད་དེ། རྒྱུན་ཞུགས་ཞུགས་པ། རྒྱུན་ཞུགས་འབྲས་གནས། ཕྱིར་འོང་ཞུགས་གནས་གཉིས། ཕྱིར་མི་འོང་ཞུགས་གནས། དགྲ་བཅོམ་ཞུགས་གནས་དང་བརྒྱད་དོ། །དེ་ལ་ཉན་ཐོས་ཞུགས་པ་མཚན་ཉིད་པ་ཡིན་ན། མཐོང་ལམ་པ་ཡིན་པས་ཁྱབ། དེ་ལ་དབྱེ་ན། རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ། དེའི་ཕྱིར་མི་འོང་ཞུགས་པ་དང་གསུམ་ཡོད་དོ། ཉན་ཐོས་སློབ་པ་འབྲས་གནས་ཡིན་ན། སྒོམ་ལམ་པ་ཡིན་པས་ཁྱབ། དེ་ལ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་ལ་གནས་པ་དང་། དེ་ཁྱད་པར་ཅན་ལ་གནས་པ། ཕྱིར་འོང་དང་ཕྱིར་མི་འོང་ལའང་དེའི་འབྲས་བུ་ཙམ་ཁྱད་ལ་གནས་པ་གཉིས་གཉིས་སུ་དབྱེ་བས་དྲུག་ཏུ་ཡོོད། དེ་ལ་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ལ་གནས་པ་ནི་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་དང་། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ནི་ཕྱིར་མི་འོང་ཞུགས་པ་དང་། ཕྱིར་མི་འོང་འབྲས་ཁྱད་པར་ཅན་ནི་དགྲ་བཅོམ་ཞུགས་པ་ཡིན་ཏེ། འབྲས་གནས་གོང་མ་དེ་དང་དེ་ཐོབ་ཕྱིར་དུ་བརྩོན་པའི་ཞུགས་པ་ཡིན་པའི་ཕྱིར། དེས་ན་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་སོགས་གསུམ་ནི་ཞུགས་པ་མཚན་ཉིད་པ་མ་ཡིན་ཏེ། འབྲས་གནས་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |