18909

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་ལས་བྱང་སེམས་ཀྱི་མངོན་རྟོགས་ཁྱད་པར་འཕགས་པ་བཅུ་ (1)
Part of speech མིང་ཚིག
Definition མི་ཕམ་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་དང་བཅས་པ་ལས་བྱུང་བ་སྟེ། དམིགས་པའི་ཁྱད་པར་ཐེག་ཆེན་གྱི་ཆོས་ལ་དམིགས་པ། ཉེ་བར་རྟོན་པའི་ཁྱད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བརྟན་པ། རྟོགས་པའི་ཁྱད་པར་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་པ། མྱ་ངན་ལས་འདས་པའི་ཁྱད་པར་མི་གནས་པའི་མྱང་འདས་ཡོངས་སུ་འཛིན་པ། སའི་ཁྱད་པར་ས་བཅུ་ལ་ངེས་པར་འབྱུང་བ། ཡོངས་སུ་དག་པའི་ཁྱད་པར་ཉོན་མོངས་པའི་བག་ཆགས་སྤོང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ཕྱིར་དང་། བདག་དང་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་པའི་ཁྱད་པར་ནི་རྒྱུ་དེས་སེམས་ཅན་ཡོངས་སུ་སྨིན་བྱེད་ཀྱི་སྦྱོར་བ་རྒྱུན་མི་གཅོད་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ། སྐྱེ་འབྱུང་གི་ཁྱད་པར་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དུས་ཐམས་ཅད་སྐྱེ་འབྱུང་ཡོངས་སུ་འཛིན་པ། འབྲས་བུའི་ཁྱད་པར་སྟོབས་བཅུ་མི་འཇིགས་བཞི་མ་འདྲེས་པ་བཅོ་བརྒྱད་སོགས་འབྲས་བུའི་ཡོན་ཏན་ཚད་མེད་པ་འགྲུབ་པའི་ཕྱིར་རོ། །
Domain ཆོས་ལུགས།