18913

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཉན་ཐོས་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་གང་ཞིག ། ཉན་ཐོས་ཀྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ། ཉན་ཐོས་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། འདིའི་ས་མཚམས། ཉན་ཐོས་ཀྱི་ཚོགས་ལམ་ནས་ཉན་ཐོས་ཀྱི་སྒོམ་ལམ་སྐད་ཅིག་ཐ་མའི་བར་ན་ཡོད།
Domain ཆོས་ལུགས།
ཉན་ཐོས་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ (2)
Part of speech མིང་ཚིག
Definition རང་གི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་ཉན་ཐོས་ཀྱི་སྒྲུབ་པ་དང་ལྡན་པའི་ཆོས་ཉིད་གང་ཞིག ངོ་བོ་ཉིད་སྐུར་འགྱུར་རུང་།