18928

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་པའི་དབང་གི་སྣོད་ (1)
Part of speech མིང་ཚིག
Definition བོན། དེ་ཡང་བོན་སྡེ་རྒྱུད་ལུང་མན་ངག་སོགས་བཀའ་སྡེ་སྣོད་གང་ལ་ཐོས་ཉན་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་གྱི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཐོས་པ་འཛིན་ཅིང་དད་མོས་གུས། ཤེས་རབ་མི་འབྱེད་གཟུག་(བརྗེད་གཟུངས་)ལྡན་ལ། དེ་ལ་ཉན་པའི་དབང་རྣམས་བསྐུར། ཞེས་པས། དེ་ལ་ཡང་སྡེ་སྣོད་ཟུང་གསུམ་ཡ་དྲུག་གི་བོན་དང་། བོན་སྒོ་བརྒྱད་ཁྲི་བཞི་སྟོང་། གསས་མཁར་སུམ་བརྒྱ་དྲུག་ཅུ། ཕྱི་ནང་གི་རྒྱུད་དང་ལུང་མན་ངག ཐེག་པ་རིམ་དགུའི་བོན་སྡེ་གང་ལ་ཉན་ཞིང་ཐོས་པ་བྱེད་ལ་སྒྲོ་སྐུར་མེད་ལ་དད་མོས་ཀྱིས་གུས་བཀུར་དང་ལྡན་པ་དོན་ལ་ཐོས་བསམ་ཤེས་རབ་ཀྱིས་བླང་འདོར་འབྱེད་ཅིང་བརྗེད་ངེས་ཀྱི་དབང་དུ་མ་སོང་བ་ཞིག་དགོས་སོ། །
Domain ཆོས་ལུགས།