From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉན་རྣ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕོ་ཉ་སྟེ། ངག་སྒྲོན་གྱི་འགྲེལ་པ་ལས། ཉན་རྣ་ནི་ཉན་ཅིང་རྣ་གཏོད་པ་ཕོ་ཉ་སོགས་ཞེས་གསུངས།
|
ཉན་རྣ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕག་ནས་ཉན་པའམ་ལྐོག་ནས་ཉན་པའི་མིང་སྟེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། ཉན་རྣ་ནི་འཇབ་སྟེ་ལྐོག་ནས་ཉན་པ་ཞེས་གསུངས།
|
| Example
|
ཏུན་ཧོང་ཡིག་རྙིང་ལས། མྱང་ཙེང་སྐུ་དང༌། མནོན་འདྲོན་པོ་གཉིས་ནི་སྟག་པ་ཤར་རུ་ལ་ཚུན་ཆད་བྱ་གཅོད་ཅིང་ཉན་རྣར་བཀྱེའོ། །ཞེས་པ་ལྟ་བུ།
|