18946
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་དག་གི་རྩོད་པ་དགེ་འདུན་གྱིས་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལས་རྩོད་པ་གཞན་ཕྱོགས་སུ་གྱུར་པའི་དགེ་སློང་གཉིས་ཡན་ཆད་གྲོས་བྱེད་པ་ལ་ཤེས་བཞིན་དུ་རྩོད་པ་སྦར་བའི་ཆེད་དུ་མཉན་པས་རང་གིས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས། ངོ་བོ་ནི། དགེ་སློང་དག་རྩོད་པར་གྱུར་པའི་སྐབས་སུ་གྲོས་བྱེད་པ་ལ་དགེ་སློང་གཞན་གྱིས་ཕག་ཉན་བྱས་པས་ཚིག་ཐོས་ཤིང་དོན་གོ་བའི་བཅས་པའི་ཁ་ན་མ་ཐོ་བའོ། །ཚིག་ཐོས་ཀྱང་དོན་མ་གོ་བ་ནི་ཉེས་བྱས་སུ་བཞག་གོ ། ཞེས་གསུངས། |
| Domain | ཆོས་ལུགས། |