18978

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉམས་གོང་འཕེལ་གྱི་སྣང་བ་ (1)
Part of speech མིང་ཚིག
Definition རྫོགས་ཆེན་མན་ངག་སྡེའི་སྣང་བ་བཞིའི་ནང་གསེས། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་འོད་ཀྱི་ཐིག་ལེ་སྐུ་རུ་སྨིན་དུ་ཉེ་བ་ཉམས་སྣང་གོང་དུ་འཕེལ་བས་འཁྲུལ་བའི་སྣང་བ་ནུབ་ཅིང་བར་དོའི་ཡེ་ཤེས་མངོན་དུ་བྱེད་པའོ། །
Domain ཆོས་ལུགས།