19014

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉམས་བྱེད་འགྲུབ་པའི་རྒྱུ་ (1)
Part of speech མིང་ཚིག
Definition རྒྱུའི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། དངོས་པོ་དེས་རྒྱུ་བྱས་ནས་ཆོས་གཞན་དག་ཉམས་པར་བྱེད་པ་ཞིག་དངོས་སུ་བརྗོད་པས། རྒྱུ་དངོས་པོ་དེས་འབྲས་བུ་ཆོས་གཞན་ཉམས་པ་ཞིག་འགྲུབ་པར་བསྟན་པ་ཞིག་ཡིན་ལ། འདི་ལ་ཉམས་བྱེད་ཀྱི་རྒྱུ་ཡང་ཟེར།
Example བོད་མཁས་པས། ལང་ཚོས་ཁེངས་པའི་གཟུགས་ཀྱི་སྐབས་དག་དང་། །འཚམས་པར་ཡོངས་བསྒྲུབས་གོས་དང་རྒྱན་དེ་ཡིས། །རབ་སྦྱངས་ཉམས་དང་ལྡན་པའི་གར་མཛེས་པས། །ཐར་འདོད་སྙིང་གི་དགའ་བ་ཉམས་པར་བྱས། །ཞེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:ཉམས་བྱེད་འགྲུབ་པའི་རྒྱུ་

|; |@@@ | | }}