19053

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉམས་ལེན་སྲོལ་དུ་འཇུག་པའི་ཆོས་དྲུག་ (1)
Part of speech མིང་ཚིག
Definition འཁོར་བའི་སྐྱེལ་མར་སྐྱབས་འགྲོ་ཉམས་སུ་བླང༌། ། སོ་ནམ་ལས་སུ་ཆོས་སྤྱོད་ཉམས་སུ་བླང༌། ། མྱུར་མགྱོགས་རྟ་ཕོར་ཐབས་ལ་ཉམས་སུ་བླང༌། ། ནོར་གྱི་དབྱིག་ཏུ་ཚོགས་གཉིས་ཉམས་སུ་བླང༌། །ཁེ་སྤོགས་འཕེལ་དུ་ཡོན་ཏན་ཉམས་སུ་བླང༌། ། ཟས་སྐོམ་བཅུད་དུ་གདམས་ངག་ཉམས་སུ་བླང༌། ། དེ་ལྟར་སུས་བྱས་གོང་མའི་བརྒྱུད་པ་ཟིན། ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:ཉམས་ལེན་སྲོལ་དུ་འཇུག་པའི་ཆོས་དྲུག་

|; |@@@ | | }}