19061
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ནི། བསླབ་བྱའི་ཡུལ་གྱི་ཆ་ནས་བཞག་པའི་གསང་སྔགས་ཀྱི་བསླབ་པའི་མཐའ་དྲུག་པོའི་བྱེ་བྲག་ཅིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། བསླབ་པའི་མཐའ་དྲུག་གང་ཞེ་ན། རིམ་པ་དབང་གིས་བགྲོད། གཞི་དམ་ཚིག་གིས་བཟུང༌། ཐག་ལྟ་བས་བཅད། ཉམས་སུ་ཏིང་ངེ་འཛིན་གྱིས་བླང༌། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ་པ་དྲུག་གོ ། ཞེས་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ནི་ཤེས་རབ་ཀྱིས་དམིགས་པའི་དོན་ཏིང་ངེ་འཛིན་གྱིས་གཡེང་བ་མེད་པར་རྩེ་གཅིག་ཏུ་བྱས་པ་ནོར་བུ་རིན་པོ་ཆེ་ལེན་པ་ལྟ་བུའོ། །ཞེས་གསུངས། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་
|; |@@@ | | }}