19105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།

{{#arraymap:ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་

|; |@@@ | | }}

ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བདག་སོང་ལ་བལྟའོ་སྙམ་ནས་ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བ་ལས་ལྟུང་བྱེད་དུ་བཅས་སོ། །ཊཱི་ཀ་ལས་ཉེས་པ་འདི་ནི་དེ་གཉིས་ལ་གནོད་པར་འགྱུར་བ་ལས་བཞག་པ་ཡིན་པས་ཞེས་གསུངས་པས། དགག་བྱ་ནི་གཞན་གྱི་འཁྲིག་པའི་ལོངས་སྤྱོད་ལ་གནོད་པ་དང་རང་ཆགས་པའི་རྒྱུར་གྱུར་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པ་ལ་ཞུགས་པའམ་དེའི་སྟ་གོན་དུ་གནས་པ་ལ་དེ་གཉིས་དང་སྐྱབས་ཡོད་པར་དབེན་པར་འདོམ་གང་གི་ནང་དུ་འགྲེང་པ་རྫོགས་པའམ་ཚོར་བྱ་ཚོར་བྱེད་ཀྱིས་ཚོར་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་དང་། ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས། གཞི་ནི་འཁྲིག་པ་སྤྱོད་པ་ལ་ཞུགས་པའི་སར་ཉེ་བར་གནས་པ། བསམ་པ་ནི་ཉན་རྣ་བྱེད་པ་འདོད་པ། སྦྱོར་བ་ནི་འགྲེང་བར་རྩོམ་པ། མཐར་ཐུག་ཕ་རོལ་པོའི་ཚོར་བའོ། །ཞེས་གསུངས་སོ། །

{{#arraymap:ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་

|; |@@@ | | }}