19107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།
ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ (3)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་ཁྱིམ་པ་ཕོ་མོ་ཉལ་བོ་བྱེད་པའམ་འཁྲིག་པའི་སྟ་གོན་བྱེད་སར་འདོམ་གང་གི་ནང་དུ་འདུག་པ་ལ་ཕ་རོལ་པོའི་གོ་བ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པ་ལ་ཞུགས་པའམ་དེའི་སྟ་གོན་ལ་གནས་པ་ལ་མངོན་སུམ་དུ་འདོམ་གང་གི་ནང་དུ་འདུག་པ་ཕོ་མོ་གཉིས་ཀྱིས་གོ་བ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་བདག་སོང་ལ་རེ་བ་མེད་པར་བྱའོ་སྙམ་ནས་ཉལ་བོ་བྱེད་པར་འདོད་པའི་ཁྱིམ་དུ་འདུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་འཁྲིག་པའི་ལོངས་སྤྱོད་ལ་གནོད་པ་དང་། རང་ཆགས་པའི་རྒྱུར་གྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།