19144
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་བདུན་པའི་འགོར་འཁྲུངས། ཆུང་དུས་ནས་བསྟན་པའི་ཆོས་སྒོར་ཞུགས། དགེ་བསྙེན་ནས་དགེ་སློང་བར་གྱི་སྡོམ་པ་བཞེས། གསོ་རིག་པ་བསྟན་འཛིན་རྒྱལ་པོ་རིང་བསྟེན། དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པར་ཐོས་བསམ་མཛད། མཁས་པ་ཆེན་པོར་གྱུར། རབ་བྱུང་བཅུ་གཅིག་པའི་ཆུ་ལུག་ཕྱི་ལོ་ ༡༦༤༣ ལོར་རྒྱལ་བ་སྐུ་ཕྲེང་ལྔ་བས་འབྲས་སྤུངས་སུ་སྨན་གྱི་སློབ་གྲྭ་འཛུགས་སྐབས་སློབ་དཔོན་གྱི་ལས་གནས་སུ་བསྐོས། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ཕྱི་ལོ་ ༡༦༧༦ ལོར་རྒྱལ་དབང་ལྔ་བས་གསང་ཕུ་ཉི་མ་ཐང་གི་སློབ་དཔོན་དུ་བསྐོས། སྨན་པའི་སློབ་གྲྭ་བཙུགས། འཆད་ཉན་བསྐྱངས། གསོ་རིག་བསྟན་པའི་དོན་དུ་བརྩོན་པ་ལྷུར་ལེན་མཛད། གསུང་རྩོམ་ནི་རྒྱུད་བཞིའི་བླ་བརྒྱུད་སོགས་བཞུགས། |
{{#arraymap:ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ་
|; |@@@ | | }}