19164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་མ་ (1)
Part of speech མིང་ཚིག
Definition ནམ་མཁའ་ལ་འོད་ཟེར་སྤྲོ་ཞིང་། ས་གཞི་ལ་འོད་སྣང་དང་དྲོད་སྦྱིན་མཁན་གྱི་སྐར་མ་ཤིན་ཏུ་ཆེན་ཞིང་ཚ་བའི་རང་བཞིན་ཅན་ཞིག
Keyword True
Synonyms ཀུ་མུད་དགྲ། ཀུན་ཁེབས། ཁྱབ་བྱེད། ཀུན་གསལ། སྐུལ་བྱེད། སྐེམ་བྱེད། ཁྲི་གདུགས། ཁྲི་ཅན། མཁའ་འགྲོ། མཁའ་ལམ་པ། འགྲོ་མེད། རྒྱས་བྱེད། རྒྱུ་བའི་བརྟུལ་ཞུགས། སྒྲོལ་བྱེད། སྐྱོང་བ་བོ། སྐྱོང་བྱེད། བཅུ་གཉིས་བདག་པོ། ཆ་ལྡན། ཆར་འབེབས། མཆོད་འོས། ལྷ་ཀུན་སྤྱོད། འཇིག་རྟེན་དཔང་པོ། འཇིག་རྟེན་མིག ནམ་མཁའི་མིག འཇོམས་པ་བོ། འཇོམས་བྱེད། རབ་རིབ་འཇོམས། མུན་འཇོམས། མུན་པའི་དགྲ མུན་སེལ། ཉིན་བྱེད། ཉིན་བྱེད་དབང་པོ། ཉིན་མོའི་བདག་པོ། ཉིན་མོའི་མགོན་པོ། ཉིན་མོའི་དབང་ཕྱུག ཉིན་མོའི་འདྲེན་པ། རྟ་བདུན་བདག་པོ། རྟ་བདུན་པ། རྟ་ལྗང་དབང་པོ། རྟ་ལྗང་ཅན། རྟག་ཏུ་འཆར། འཆར་བྱེད། མཐུ་བསྒྲགས། གྲགས་ལྡན། འཐུང་བྱེད། སྐེམ་བྱེད། ཆུ་ཡི་ཆོམ་རྐུན། ཆུ་འཐུང་དབང་པོ། དུས་ཀྱི་བྱེད་པོ། དུས་ལས་རྒྱལ། དུས་ལ་དགའ། དུས་བདག གདུང་བའི་འོད་འབྱིན། གདུང་བྱེད། གཏུམ་པོའི་འོད། ངེས་སྲེག བདུན་གྱི་བདུན་པ། བདུད་ལས་རྒྱལ། འདམ་སྐྱེས་མཚན། ནམ་མཁའི་གོ་ལ། ནམ་མཁའི་ཏོག ནམ་མཁའི་ཐིག་ལེ། ནམ་མཁའི་གདུགས། ནམ་མཁའི་ནོར་བུ། ཉིན་མོའི་ནོར་བུ། ཉིན་མོའི་འབྱུང་གནས། ནད་མེད། ནོར་གྱི་མཛོད། རྣམ་པར་གནས། རྣམ་པར་གསལ་བྱེད། རྣམ་གསལ། སྣ་ཚོགས་སྣང་བ། སྣ་ཚོགས་ཤིང་རྟ། སྣ་ཚོགས་འོད། འོད་འགྲོ། འོད་འཕུར། སྣང་བའི་མཛོད། སྣང་བའི་བདག་པོ། སྣང་བའི་མུ་ཁྱུད། སྣང་ལྡན། སྣང་བྱུང་། སྣང་བྱེད། པད་མའི་གཉེན། པད་མའི་རྩ་ལག པད་མའི་བདག་པོ། པད་མའི་གྲོགས་པོ། ཕུན་ཚོགས་བྱེད་པོ། ཕྱོགས་བདག ཕྱོགས་སྣང་བྱེད། ཕྱོགས་ཀྱི་མུ་ཁྱུད། ཕྱོགས་དགོད། འཕྲོག་བྱེད། བླ་མེད་འོད་འབྱིན། བླ་མེད་གསལ། དབྱིག་གི་ཁུ་བ། འབར་བ་ཅན། འབར་བྱེད། མི་སྦྱིན་སྐྱེས། མི་གཅོད་སྐྱེས། མིག་གཟུགས། མིག་གཟུགས་གསལ་བྱེད། མེ་ཟླུམ། འོད་ཀྱི་ཕུང་པོ། འོད་ཀྱི་ནོར་ཅན། འོད་གཟུགས། འོད་ལུས། ཚ་བྱེད། ཚན་ཅན། ཚན་ལྡན། ཚ་ཟེར་ཅན། ཚངས་པའི་རྟ། རྟག་འགྲོ། འཛིན་བྱེད། གཟའ་ཡི་བདག་པོ། གཟའ་བདག གཟའ་ཡི་བཤེས་གཉེན། གཟའ་ཡི་མུ་ཁྱུད། གཟུགས་མང་། ཟླུམ་པོ་འཛིན། འོད་ཀྱི་བདག་པོ། འོད་ཀྱི་རྒྱུན། འོད་སྟོང་ཅན། འོད་སྟོང་ལྡན། འོད་སྟོང་འཕྲོ་བ། འོད་སྟོང་འཛིན་པ། འོད་ཕྲེང་ཅན། འོད་ཀྱི་སྐྲ་ཅན། འོད་འབྱིན། འོད་སྦྱིན། འོད་འགྱེད། འོད་འདྲེན། འོད་བྱེད། འོད་གཙང་བ། འོད་གསལ། འོད་སྣང་། འོད་ཟེར་ཅན། འོད་ལྡན། རིག་བྱེད་འབྱུང་། ལས་ཀྱི་དབང་པོ། ལས་སྣ་ཚོགས། ལུས་སྐྱོབ། སྲུང་བྱེད། འཚོ་བྱེད། ཚིམ་བྱེད། ལོ་ཡི་ཤིང་རྟ། ལོང་བའི་ཁ་ལོ་བ། ལམ་སྟོན། ཤིང་རྟ་མཐོ་བ། བཤེས་གཉེན། སོ་སོར་ཉིན་བྱེད། རྣམ་པར་སྣང་བྱེད། སེར་སྐྱ། སྲིད་པའི་སྒྲོན་མེ། སྲིད་པའི་མིག འགྲོ་བའི་སྒྲོན་མེ། འགྲོ་བའི་སྣང་བ། གསལ་བྱེད། རབ་གསལ། རབ་གསལ་བྱེད། གསལ་ལྡན། གསལ་བའི་ནོར་བུ།

{{#arraymap:ཉི་མ་

|; |@@@ | | }}

ཉི་མ་ (2)
Part of speech མིང་ཚིག
Definition གཟའ་ཉི་མ་ཞེས་པའི་བསྡུས་མིང་སྟེ། གཟའ་འཁོར་གཅིག་ནང་གི་རེས་གཟའ་སྤེན་པའི་རྗེས་དང་ཟླ་བའི་སྔོན་གྱི་ཉིན།
Example ཉི་མར་གུང་སེང་ཡིན་པས་ལས་ཀ་མེད། ཉི་མའི་ཉིན་ཆུ་རྐྱལ་དུ་འགྲོ་ལྟ་བུ།

{{#arraymap:ཉི་མ་

|; |@@@ | | }}

ཉི་མ་ (3)
Part of speech མིང་ཚིག
Definition ཉི་མའི་འོད་དང་དྲོད་ཀྱི་དོན།
Example གངས་ལ་ཉི་མ་ཕོག་པ། ཁྱིམ་ལ་ཉི་མ་ཤར་བ་ལྟ་བུ།

{{#arraymap:ཉི་མ་

|; |@@@ | | }}

ཉི་མ་ (4)
Part of speech མིང་ཚིག
Definition ཉིན་མཚན་གཅིག་གི་དུས་ཡུན་གྱི་དོན།
Example ཉི་མ་ཁ་ཤས་ལ་ཐུག་མ་སོང། ཉི་མ་ཁ་ཤས་ཀྱི་རྗེས་ནས་ཐུག་ཡོང་ལྟ་བུ།

{{#arraymap:ཉི་མ་

|; |@@@ | | }}

ཉི་མ་ (5)
Part of speech མིང་ཚིག
Definition ཆུ་མོ་ལུག
Domain རྩིས་རིག

{{#arraymap:ཉི་མ་

|; |@@@ | | }}

ཉི་མ་ (6)
Part of speech མིང་ཚིག
Definition མངོན་བརྗོད། གྲངས་བཅུ་གཉིས་ཏེ། དབང་པོ། བྱེད་པོ། ལམ་པ། ཆར་འབེབས། བསྟོད་བྱེད། སྔོན་མིན། སྔོན་འཕགས། མི་གཟུགས། ཁྱབ་འཇུག འོད་ཅན། ཆུ་བདག གཤིན་རྗེ་བཅས་ཉི་མའི་ཁྱིམ་གྱི་ལྷ་བཅུ་གཉིས་ཡོད་པས་དེ་ལྟར་བཏགས།

{{#arraymap:ཉི་མ་

|; |@@@ | | }}

ཉི་མ་ (7)
Part of speech མིང་ཚིག
Definition མངོན་པ་མཛོད་ལྟར་ན་སེམས་ཅན་ཐུན་མོང་བའི་ལས་དབང་གིས་བར་སྣང་ན་འཆར་བའི་རྒྱུ་སྐར་ཞིག་སྟེ། རི་རབ་ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་དཔག་ཚད་བཞི་ཁྲིའི་སྟེང་ན་འཕུལ་བར་བྱེད་པའི་རླུང་དག་གྲུབ་སྟེ། རི་རབ་ལ་རླུང་གིས་འཁོར་ལོ་བཞིན་དུ་འཁོར་རོ། །ཉི་མའི་གཞལ་མེད་ཁང་གི་འོག་གཞི་མེ་ཤེལ་ཡིན་པས་ཚ་བར་བྱེད་པ་དང་། དེའི་ཐད་ཀར་དཔག་ཚད་ལྔ་བཅུ་རྩ་གཅིག་དང་། མཐའ་སྐོར་དུ་དཔག་ཚད་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱིས་འཁོར་བའོ། །དེའི་བྱ་བ་བྱེད་ཚུལ་ནི། ཉི་མ་གཅིག་གིས་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ལུས་འཕགས་སུ་ཉི་མ་ནུབ་པ་དང་། འཛམ་བུའི་གླིང་དུ་ཉི་མ་ཕྱེད་པ་དང་། བ་ལང་སྤྱོད་དུ་འཆར་བ་དུས་གཅིག་པས་སོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱ། ཉི་མའི་འགྲོས་ཀྱིས་འདི་ན་ཉིན་མཚན་རིང་ཐུང་དུ་འགྱུར་ཏེ། དེ་ཡང་བསྟན་བཅོས་པའི་དབྱར་གྱི་ཟླ་བ་གཉིས་པ་ནི་འཇིག་རྟེན་གྲགས་པའི་དབྱར་ཟླ་ཐ་མའི་མར་ངོ་ནས་ཡིན་ལ། རགས་པར་བརྩིས་པས་དེའི་ཕྱོགས་མཐའ་མའི་ཚེས་བརྒྱད་ལ་སྟོན་ཉིན་མཚན་མཉམ། ཚེས་དགུ་ནས་མཚན་མོ་རིང་དུ་འགྲོ། དགུན་རྣམས་ཀྱི་ནི་བཞི་པའི་ཚེས་བརྒྱད་ལ་དཔྱིད་ཉིན་མཚན་མཉམ། དེའི་དགུ་ནས་མཚན་མོ་ཐུང་དུ་འགྱུར་རོ། །ཉིན་མོ་ཟློག་སྟེ་མཚན་རིང་དུ་འགྲོ་ཚེ་ཉིན་མོ་ཐུང་དུ་འགྲོ། མཚན་ཐུང་དུ་སོང་དུས་དེ་རིང་དུ་འགྲོ་བས་སོ། །ཉིན་མཚན་ཅི་ཙམ་རེས་རིང་དུ་འགྲོ་བ་ནི་ཐེངས་ཅིག་གོ ། སྔ་མ་ཉི་མ་ལྷོ། ཕྱི་མ་བྱང་དུ་འགྲོ་བའི་ཚེ་སྟེ་བགྲོད་པ་གཉིས་སོ། །
Domain ཆོས་ལུགས།

{{#arraymap:ཉི་མ་

|; |@@@ | | }}