1917
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཉོན་མོངས་པ་སྟེ་དེའི་དབང་གིས་ཁམས་གསུམ་ལ་ཡིད་མི་འབྱུང་བས་དགེ་བ་མི་སྤྱོད་ཅིང་མི་དགེ་བ་བསྒྲུབས་པས་ཕྱི་མ་ལ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བར་བྱེད་པ་སྟེ། འདི་དག་ཡུལ་དང་སྐྱེ་བ་དག་ལ་ཀུན་དུ་སྦྱོར་བར་བྱེད་པའམ། འདི་དག་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་དུ་མ་དང་ཀུན་ཏུ་སྦྱོར་བས་ན་ཀུན་སྦྱོར་རོ། །དེ་ཡང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་སྟེ་དགུའོ། །དེ་དག་ལས་རྗེས་སུ་ཆགས་པ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་གྱི་ཀུན་སྦྱོར་བཞི་ནི་ཁམས་གསུམ་གའི་དང་། ཁོང་ཁྲོ་དང་ཕྲག་དོག་དང་སེར་སྣ་གསུམ་ནི་འདོད་ཁམས་ཁོ་ནའི་དང་། ལྟ་བའི་ཀུན་སྦྱོར་ནི་ཁམས་གསུམ་གའི་ལྟ་བ་དང་པོ་གསུམ་དང་། མཆོག་ཏུ་འཛིན་པའི་ཀུན་སྦྱོར་ནི་ལྟ་བ་ཕྱི་མ་གཉིས་ཡིན་ནོ། །འདིར་ཅིའི་ཕྱིར་ལྟ་བ་རྣམས་ལས་དང་པོ་གསུམ་ལྟ་བའི་ཀུན་སྦྱོར་དང་། ཕྱི་མ་གཉིས་མཆོག་ཏུ་འཛིན་གྱི་ཀུན་སྦྱོར་དུ་བསྟན་ཞེ་ན། ལྟ་བ་དང་པོ་གསུམ་དང་ཕྱི་མ་གཉིས་རྫས་བཅོ་བརྒྱད་པར་འདྲ་ཕྱིར་དང་། ལྟ་བ་ཕྱི་མ་གཉིས་ཀྱིས་ལྟ་བ་སྔ་མ་གསུམ་དང་དག་པར་འཛིན་པས་ན་སྔ་མ་གསུམ་དང་ནི་བཟུང་བ་དང་ཕྱི་མ་གཉིས་དམན་པ་ལ་མཆོག་ཏུ་འཛིན་པར་འདྲ་བའི་ཕྱིར་ལྟ་བ་དང་པོ་གསུམ་དང་ཕྱི་མ་གཉིས་ཀུན་སྦྱོར་བ་གཞན་དུ་གསུངས་པ་ཡིན་ནོ། །གཞན་ཡང་ཅིའི་ཕྱིར་ཕྲག་དོག་དང་སེར་སྣ་ཀུན་སྦྱོར་རེར་བགྲང་ཞེ་ན། འདི་གཉིས་ཀ་ལ་གཅིག་ཏུ་ནི་མི་དགེ་བ་དང་རང་དབང་ཅན་ཡོད་པ་དེའི་ཕྱིར་ཏེ། དེ་ལྟ་བུའི་ཀུན་ནས་དཀྲིས་པ་གཞན་ལ་མེད་པས་ཕྲག་དོག་སེར་སྣ་དེ་དག་ལས་ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད་དོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་ཏུ་སྦྱོར་བ་
|; |@@@ | | }}