19175

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་མ་ནག་ཆེན་ (1)
Part of speech མིང་ཚིག
Definition སྤྱིར་ཤི་གསོན་གཉིས་ཀྱི་བྱ་ལས་ཐམས་ཅད་ལ་ངན་ཞིང་། ཁྱད་པར་དུ་ནོར་རྫས་ཕྱིར་གཏོང་དང་། དབང་བསྐུར་བ། རབ་གནས་བྱེད་པ། བག་མ་བསུ་སྐྱེལ། མཁར་ལས་བགྱིད་པ། དུར་འདེབས་པ། དགེ་བཤེས་ཆེ་འདོན་སོགས་དགེ་ལས་དཀར་ཕྱོགས་བྱ་མི་རུང་བའི་ཚེས་ངན་པ་བྱ་ངན་མི་དགེ་བའི་ལས་བསྒྲུབས་ན་ལམ་ལྷོངས་ཡོང་དུས་ཤིག་ལ་ཟེར་བ་ཡིན། དེ་འདྲའི་ཚེས་ངན་དེ་ཟླ་བ་རེ་ལ་རེ་རེ་བྱས་ནས་ལོ་གཅིག་ལ་བཅུ་གཉིས་ཡོད་ཅིང་། དེ་དག་ཇི་ལྟར་བྱུང་བའི་ཚུལ་གཏམ་རྒྱུད་ལས་གླེང་ན། སྔོན་གྱི་དུས་ན་བདུད་རྡོ་རྗེ་གློག་ཕྲེང་དང་ས་སྲིན་འབར་མ་ཟེར་བའི་ཁྱོ་ཤུག་བུ་གཅིག་དང་བུ་མོ་བཞི་བཅས་མིང་སྲིང་ལྔ་ཡོད་པ་ཞིག་ཡོད། བུའི་མིང་ལ་རཱ་ཧུ་ཟེར་ཞིང་། དེ་ལྷུན་པོ་ལ་གཡས་བསྐོར་དུ་སྐྱོད་པའི་ལམ་ཁར་གཡོན་བསྐོར་སྐྱོད་པའི་སྲིང་མོ་བཞིར་རྒན་རིམ་བཞིན་ཐུག་དུས་ངོ་མ་ཤེས་པར་འདོད་སྤྱོད་ཀྱིས་མནོལ་དུས་བཞི་དང་། དེ་ནས་གྲོད་པ་སྐྱེས་དུས་བཞི། སྐྱེས་པའི་གྲོད་པ་རྡོལ་དུས་བཞི་བཅས་དུས་ངན་བཅུ་གཉིས་པོ་དེ་དག་ལས་བྱུང་བར་གྲགས། དེ་ཡང་སྲིང་མོ་ཆེ་བ་འབྲོག་སྲིང་ཆུ་སྲིན་གདོང་དང་ཐུག་ནས་མནོལ་དུས་དཔྱིད་རའི་ཚེས་བདུན་དང་། ཤིང་གྲོད་སྐྱེས་དུས་དཔྱིད་འབྲིང་གི་ཚེས་བཅུ་བཞི། གྲོད་པ་རྡོལ་དུས་དཔྱིད་ཟླ་གསུམ་གྱི་ཉི་མ་ནག་ཆེན་ཡིན། སྟག་སྲིང་ཟོར་གདོང་དང་ཐུག་ནས་མནོལ་དུས་དབྱར་རའི་ཚེས་བརྒྱད་དང་། ཁྲག་གྲོད་སྐྱེས་དུས་དབྱར་འབྲིང་གི་ཚེས་བཅུ་དྲུག གྲོད་པ་རྡོལ་དུས་དབྱར་ཐའི་ཚེས་ཉེར་བཞི་བཅས་ནི་དབྱར་ཟླ་གསུམ་གྱི་ཉི་མ་ནག་ཆེན་ཡིན། ཀོང་སྲིང་བ་ལང་གདོང་དང་ཐུག་ནས་མནོལ་དུས་སྟོན་རའི་ཚེས་དགུ་དང་། ལྕགས་གྲོད་སྐྱེས་དུས་སྟོན་འབྲིང་གི་ཚེས་བཅོ་བརྒྱད། གྲོད་པ་རྡོལ་དུས་སྟོན་ཐའི་ཚེས་ཉེར་བདུན་བཅས་ནི་སྟོན་ཟླ་གསུམ་གྱི་ཉི་མ་ནག་ཆེན་ཡིན། བམ་སྲིང་དྲེད་གདོང་དང་ཐུག་ནས་མནོལ་དུས་དགུན་རའི་ཚེས་བཅུ་དང་། ཆུ་གྲོད་སྐྱེས་དུས་དགུན་འབྲིང་གི་ཚེས་ཉི་ཤུ། གྲོད་པ་རྡོལ་དུས་དགུན་ཐའི་ཚེས་སུམ་ཅུ་བཅས་ནི་དགུན་ཟླ་གསུམ་གྱི་ཉི་མ་ནག་ཆེན་ཡིན། ཉི་ནག་དེ་དག་དཀར་པོར་གཏོང་བའི་བཅོས་ཐབས་ལ་མདུང་གི་རྩེ་མོར་གཡག་རྔ་ནག་པོ་དང་། ཤིང་སྣ་རིགས་ལྔ། དར་དཀར་ཁ་གང་། ཁྱི་ནག་པོའི་སྤུ། རྩི་བོ་ཆེ་བཅས་བཏགས། མདུང་རྐེད་དུ་སྦྲ་ཚལ་བུར་གཤགས་པའི་སྦྲ་ཚལ་བཏགས་ནས་ཚེས་དེ་བྱི་བ་སོགས་ཉི་མ་བཅུ་གཉིས་ལས་གང་ཡིན་ན་དེ་གནས་ཕྱོགས་སུ་གཟུག་དགོས་པར་བཤད། དེ་ལྟའི་ཉི་མ་ནག་ཆེན་བཅུ་གཉིས་ཀྱི་ཐོག་མ་སྲིང་མོ་ཆེ་བར་མནོལ་ཤོར་དུས་དཔྱིད་རའི་ཚེས་བདུན་དེ་ངན་པ་དགུ་འཛོམས་ཞེས་ཤིན་ཏུ་ནས་ཀྱང་ངན་པ་ཞིག་ལ་ངོས་འཛིན་བྱེད་པས། ཚེས་དེ་ཉིན་གུང་གསེང་བཏང་ནས་ལས་མཚམས་འཇོག་སྲོལ་ཡོད་ཅིང་། ཚེས་དེའི་སྔ་ཉིན་ཚེས་དྲུག་ཉིན་ཡང་གུང་གསེང་གཏོང་བ་ནི་ཉིན་དེ་ནས་བཟུང་ཚེས་བདུན་གྱི་ཚེས་ལོངས་འགོ་འཛིན་པས་ཡིན།
Domain རྩིས་རིག

{{#arraymap:ཉི་མ་ནག་ཆེན་

|; |@@@ | | }}