19176

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་མ་ནུབ་ཀྱི་བར་ཆོས་སྟོན་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། གླེང་གཞི་ནི་མཉན་ཡོད་དུ་དགའ་བྱེད་ཀྱིས་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་ཆོས་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཉི་མ་ནུབ་པའི་དུས་སུ་དགེ་སློང་མ་ལ་ཆོས་བསྟན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ངོ་བོ་ནི། དགག་དབྱེ་བྱས་པའི་མཚན་མོ་ལྟ་བུ་མཚན་ཐོག་ཐག་ཏུ་ཆོོོོོས་སྟོན་པའི་སྐབས་མ་གཏོགས་པར་དགེ་སློང་གིས་དགེ་སློང་མ་ལ་ཉི་མ་ནུབ་རྗེས་སུ་དེར་ཤེས་བཞིན་དུ་ཆོས་སྟོན་པའི་བཅས་པའི་ཁ་ན་མ་ཐོ་བའོ། །མདོ་རྩར། ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དོ། །གསུངས་པས་དགོངས་པ་བླང་དགོས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཉི་མ་ནུབ་ཀྱི་བར་ཆོས་སྟོན་པའི་ལྟུང་བྱེད་

|; |@@@ | | }}