19184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་མ་བཅུ་གཉིས་ (1)
Part of speech མིང་ཚིག
Definition ལྷ་སུམ་ཅུ་རྩ་གསུམ་གྱི་ནང་གསེས་ཉི་མའི་ལྷ་བཅུ་གཉིས་ཏེ། ༡ དབང་པོ་དང་། ༢ བྱེད་པོ་དང་། ༣ ལམ་པ་དང་། ༤ ཆར་འབེབས་དང་། ༥ བསྟོད་བྱེད་དང་། ༦ སྔོན་མིན་དང་། ༧ སྔོན་འཕགས་དང་། ༨ མི་གཟུགས་དང་། ༩ ཁྱབ་འཇུག་དང་། ༡༠ འོད་ཅན་དང་། ༡༡ ཆུ་བདག་དང་། ༡༢ གཤིན་རྗེ།
Domain ཆོས་ལུགས།

{{#arraymap:ཉི་མ་བཅུ་གཉིས་

|; |@@@ | | }}

ཉི་མ་བཅུ་གཉིས་ (2)
Part of speech མིང་ཚིག
Definition ལོ་ཡི་འགྲོས་མཚོན་བྱེད་དུ་བཀོད་པའི་སྲོག་ཆགས་བཅུ་གཉིས་པོ་དེ་ཚེས་ཞེས་འབོད་པའི་ཞག་གི་མིང་དུ་བཏགས་པ་ལས་བྱུང་བའི་ཞག་མ་བཅུ་གཉིས་ཀྱི་མིང་གི་ཐ་སྙད་ལ་ཟེར་བ་ཡིན། དེ་ཡང་ཕོ་ཟླ་དྲུག་པོ་སྟག་གིས་ཚེས་པས། ཟླ་བ་དེ་དག་གི་ཚེས་གཅིག་དང་བཅུ་གསུམ། ཉེར་ལྔ་བཅས་སྟག་གི་ཉི་མ་དང་། གཉིས་དང་བཅུ་བཞི། ཉེར་དྲུག་བཅས་ཡོས་ཀྱི་ཉི་མ། གསུམ་དང་བཅོས་ལྔ། ཉེར་བདུན་བཅས་འབྲུག་གི་ཉི་མ། བཞི་དང་བཅུ་དྲུག ཉེར་བརྒྱད་བཅས་སྦྲུལ་གྱི་ཉི་མ། ལྔ་དང་བཅུ་བདུན། ཉེར་དགུ་བཅས་རྟའི་ཉི་མ། དྲུག་དང་བཅོ་བརྒྱད། སུམ་ཅུ་བཅས་ལུག་གི་ཉི་མ། བདུན་དང་བཅུ་དགུ་སྤྲེལ་གྱི་ཉི་མ། བརྒྱད་དང་ཉི་ཤུ་བྱའི་ཉི་མ། དགུ་དང་ཉེར་གཅིག་ཁྱིའི་ཉི་མ། བཅུ་དང་ཉེར་གཉིས་ཕག་གི་ཉི་མ། བཅུ་གཅིག་དང་ཉེར་གསུམ་བྱི་བའི་ཉི་མ། བཅུ་གཉིས་དང་ཉེར་བཞི་གླང་གི་ཉི་མ་བཅས་ཡིན། དེ་བཞིན་དུ་མོ་ཟླ་དྲུག་པོ་སྤྲེལ་གྱིས་ཚེས་བས། ཟླ་བ་དེ་དག་གི་ཚེས་གཅིག་དང་བཅུ་གསུམ། ཉེར་ལྔ་བཅས་སྤྲེལ་གྱི་ཉི་མ་དང་། གཉིས་དང་བཅུ་བཞི། ཉེར་དྲུག་བཅས་བྱའི་ཉི་མ། གསུམ་དང་བཅོ་ལྔ། ཉེར་བདུན་བཅས་ཁྱིའི་ཉི་མ། བཞི་དང་བཅུ་དྲུག ཉེར་བརྒྱད་བཅས་ཕག་གི་ཉི་མ། ལྔ་དང་བཅུ་བདུན། ཉེར་དགུ་བཅས་བྱི་བའི་ཉི་མ། དྲུག་དང་བཅོ་བརྒྱད། སུམ་ཅུ་བཅས་གླང་གི་ཉི་མ། བདུན་དང་བཅུ་དགུ་སྟག་གི་ཉི་མ། བརྒྱད་དང་ཉི་ཤུ་ཡོས་ཀྱི་ཉི་མ། དགུ་དང་ཉེར་གཅིག་འབྲུག་གི་ཉི་མ། བཅུ་དང་ཉེར་གཉིས་སྦྲུལ་གྱི་ཉི་མ། བཅུ་གཅིག་དང་ཉེར་གསུམ་རྟའི་ཉི་མ། བཅུ་གཉིས་དང་ཉེར་བཞི་ལུག་གི་ཉི་མ་བཅས་ཡིན། བརྩི་ཚུལ་འདི་ནི་ལག་ལེན་བྱེད་བདེ་བར་མཛད་པའི་གཏན་ལེ་འབྱུང་རྩིས་ལུགས་ལྟར་ལགས་པས་རགས་པ་ཡིན་ལ། ཞིབ་པ་འདོད་ན་རྒྱ་རྩིས་ལུགས་ལྟར་ལོ་འགྲོས་བཅུ་གཉིས་པོ་ཚེས་ལ་འཆར་ཚུལ་ལ་ལྟ་དགོས་ཤིང་། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ལ་ལས་ཀྱི་སྤང་བླང་བྱ་ཚུལ་ནི་ཉི་མ་སོ་སོའི་བྱེ་བྲག་གི་སྤང་བླང་དང་། བདུན་ཟུར་ཕྱོགས་སྡེབ་ཀྱི་སྤང་བླང་བཅས་གཉིས་ཡོད་པ་ལས་སྔ་མ་ནི་སོ་སོའི་སྐབས་སུ་གཟིགས། ཕྱི་མ་ལ་ཉིན་བྱེད་སྣང་བ་ལས། གཉིས་པ་བདུན་ཟུར་ཕྱོགས་སྡེབ་ནི། །སྟག་སྤྲེལ་གཉིས་ལ་འདུན་ཁྲོམ་སྤང་། །བྱ་ཡོས་གཉིས་ལ་ལྟད་སྟོན་སྤང་། །ཁྱི་འབྲུག་གཉིས་ལ་དམག་ཇག་སྤང་། །ཕག་སྦྲུལ་ཤིད་དང་ས་བརྐོ་སྤང་། །བྱི་རྟར་རྟ་རྒྱུག་དམར་ཤས་སྤང་། །གླང་ལུག་ཁྲི་བརྩིག་དར་འཕྱར་སྤང་། །ཞེས་གསུངས་འདུག
Domain རྩིས་རིག

{{#arraymap:ཉི་མ་བཅུ་གཉིས་

|; |@@@ | | }}