1919
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། མདོ་ལས། ཀུན་ཏུ་སྦྱོར་བ་ནི་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་རྣམས་སོ། །ཞེས་གསུངས་ཏེ་ཡུལ་དང་སྐྱེ་བ་དག་ལ་ཀུན་ཏུ་སྦྱོར་བར་བྱེད་པའམ། འདི་དག་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་དུ་མ་དང་ཀུན་ཏུ་སྦྱོར་བས་ན་ཀུན་སྦྱོར་རོ། །དེ་ལ་རྗེས་སུ་ཆགས་པ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་གྱི་ཀུན་སྦྱོར་བཞི་ནི་ཁམས་གསུམ་གའི་དང་། ཁོང་ཁྲོ་དང་ཕྲག་དོག་དང་སེར་སྣ་གསུམ་ནི་འདོད་ཁམས་ཁོ་ནའི་དང་། ལྟ་བའི་ཀུན་སྦྱོར་ནི་ཁམས་གསུམ་པའི་ལྟ་བ་དང་པོ་གསུམ་དང་། མཆོག་ཏུ་འཛིན་པའི་ཀུན་སྦྱོར་ནི་ལྟ་བ་ཕྱི་མ་གཉིས་ཡིན་ནོ། །ཀུན་སྦྱོར་དགུ་པོ་དེ་དག་གིས་ནི་གཉེན་པོ་དགུ་ལ་སྒྲིབ་སྟེ། ཁམས་གསུམ་ལ་ཆགས་ན་སྐྱོ་བ་མི་འབྱུང་བས་སྐྱོ་བ་ལ་རྗེས་སུ་ཆགས་པའི་ཀུན་སྦྱོར་གྱིས་སྒྲིབ་ཅིང་། ཁོང་ཁྲོའི་གཞི་ལ་བཏང་སྙོམས་སུ་བྱེད་མི་ནུས་པས་བཏང་སྙོམས་ལ་ཁོང་ཁྲོའི་ཀུན་སྦྱོར་གྱིས་སྒྲིབ་ལ། ལྷག་མ་བདུན་གྱིས་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་སྟེ། དེ་ལ་མངོན་པར་རྟོགས་པའི་དུས་ན་ངའོ་སྙམ་པའི་ང་རྒྱལ་འབྱུང་བས་འཇིག་ཚོགས་སུ་ལྟ་བ་ཡོངས་སུ་ཤེས་པ་ལ་ང་རྒྱལ་གྱི་ཀུན་སྦྱོར་གྱིས་སྒྲིབ་བོ། །ཉེར་ལེན་གྱི་ཕུང་པོ་མི་རྟག་དུ་མ་གཞན་དབང་ཅན་དུ་མི་ཤེས་པས་མ་རིག་པའི་སྦྱོར་གྱིས་འཇིག་ཚོགས་ལ་ལྟ་བའི་གཞི་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ལྟ་བ་དང་པོ་གཉིས་ཀྱིས་དེ་ལ་སྐྲག་ཅིང་ལོག་ལྟས་སྐུར་བ་འདེབས་པས་ན་ལྟ་བའི་ཀུན་སྦྱོར་གྱིས་འགོག་པའི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ལམ་གཞན་གྱིས་མཆོག་དང་དག་པར་འཛིན་པས་ན་མཆོག་ཏུ་འཛིན་པའི་ཀུན་སྦྱོར་གྱིས་ལམ་གྱི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །དཀོན་མཆོག་གི་ཡོན་ཏན་ལ་མངོན་པར་ཡིད་མི་ཆེས་པ་ཐེ་ཚོམ་གྱི་ཀུན་སྦྱོར་གྱིས་དཀོན་མཆོག་གསུམ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །རྙེད་བཀུར་གྱི་ཉེས་པ་མ་མཐོང་བས་ཕྲག་དོག་གི་ཀུན་སྦྱོར་གྱིས་རྙེད་པ་དང་བཀུར་སྟི་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ཡོ་བྱད་ལ་ལྷག་པར་ཞེན་པས་སེར་སྣའི་ཀུན་སྦྱོར་གྱིས་ཡོ་བྱད་བསྙུངས་པ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། དབུས་མཐའ་ལས། ཀུན་དུ་སྦྱོར་རྣམས་སྒྲིབ་པ་ཡིན། །སྐྱོ་བ་དང་ནི་བཏང་སྙོམས་དང་། །དེ་ཁོ་ན་ནི་མཐོང་བ་དང་། །འཇིག་ཚོགས་ལྟ་དང་དེའི་གཞི་དང་། །འགོག་དང་ལམ་དང་དཀོན་མཆོག་དང་། །རྙེད་པ་དང་ནི་བཀུར་སྟི་དང་། ཡོ་བྱད་བསྙུངས་པ་ཡོངས་ཤེས་ལ། །སྒྲིབ་བོ་ཞེས་འབྱུང་བའི་ཕྱིར་རོ། །དགུར་གྲངས་ངེས་པའང་དེ་ཉིད་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་ཏུ་སྦྱོར་བ་དགུ་
|; |@@@ | | }}