19201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་མ་རྡོ་རྗེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས། བོད་ཡུལ་ནས་སློབ་གཉེར་མཛད། བསྟན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས། འདུལ་གཞུང་སོགས་ལ་ཐོས་བསམ་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་བྱོན། པཎ་གྲུབ་མང་པོའི་ཞབས་བསྟེན། རྒྱ་གཞུང་དང་ལེགས་སྦྱར་བཅས་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱིས་བསྡུས་པ་དང་། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ་བཅས་བཞུགས།

{{#arraymap:ཉི་མ་རྡོ་རྗེ་

|; |@@@ | | }}