19205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་མ་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྟོབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་བསྡུ་དངོས་བཞིས་གདུལ་བྱའི་ཡིད་གསལ་བར་བྱེད་པའི་སེམས་བསྐྱེད་ཅིག་ལ་ཉི་མ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། སྟོབས་དང་ལྡན་པ་ནི་ཉི་མ་ལྟ་བུ་ཡིན་ཏེ། བསྡུ་དངོས་བཞིས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་ས་དགུ་པ་ནས་ཐོབ་པར་འདོད་དོ། །
Domain ཆོས་ལུགས།

{{#arraymap:ཉི་མ་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}

ཉི་མ་ལྟ་བུའི་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྟོབས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། ཉི་མ་ལྟ་བུ་ཡིན་ཏེ། བསྡུ་བའི་དངོས་པོ་བཞིས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། འདི་བསྡུ་བའི་དངོས་པོ་བཞི་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས། སྟོབས་དང་ལྡན་པ་ནི། ཉི་མ་ལྟ་བུ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིས་སྐལ་པ་དང་འཚམ་པར་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །

{{#arraymap:ཉི་མ་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}