19224

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་མའི་གཉེན་གྱི་ལྗགས་ཡངས་པདྨོའི་མཚོར་ལུང་བསྟན་པ་ (1)
Part of speech མིང་ཚིག
Definition སྟོན་པ་ཤཱཀྱ་ཐུབ་པས་ལུང་བསྟན་པ་ལ་ཟེར་བ་སྟེ། དེ་ཡང་ལང་ཀར་གཤེགས་པའི་མདོ་ལས། རྩེ་ཕྱོགས་བེ་ཏའི་ཡུལ་དུ་ནི། དགེ་སློང་དཔལ་ལྡན་ཆེར་གྲགས་པ། དེ་མིང་ཀླུ་ཞེས་འབོད་པ་སྟེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། ང་ཡི་ཐེག་པ་འཇིག་རྟེན་དུ། བླ་མེད་ཐེག་པ་རབ་བཤད་ནས། རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། གཞན་ཡང་འཇམ་དཔལ་རྩ་རྒྱུད་དང་། རྔ་བོ་ཆེའི་མདོ་སོགས་མང་པོ་ལས་རྒྱལ་བ་རང་ཉིད་ཀྱིས་གསལ་བར་ལུང་བསྟན་པའོ། །
Domain ཆོས་ལུགས།

{{#arraymap:ཉི་མའི་གཉེན་གྱི་ལྗགས་ཡངས་པདྨོའི་མཚོར་ལུང་བསྟན་པ་

|; |@@@ | | }}