1923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ཐུབ་སྲུང་བའི་རྒྱལ་པོ་ (1)
Part of speech མིང་ཚིག
Definition རྙིང་མ། ལས་ཚོགས་རིན་ཆེན་གཏེར་གྱི་བུམ་པ་ལས། ཀུན་ཐུབ་སྲུང་བའི་རྒྱལ་པོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་རྒྱ་གར་མཁས་པ་པདྨ་ཡིས༔ ལས་ཚོགས་རིན་ཆེན་གཏེར་གྱི་བུམ་པ་ལས༔ དགོས་འདོད་ཀུན་འབྱུང་སྔགས་ཀྱི་རིམ་པ་བསྟན༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོ་རྟ་ཡི་ཟླ་བའི་ཚེས་གཅིག་ལ་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། སྙིགས་དུས་བོད་ཡུལ་འགྲོ་བའི་ལས་དམན་པས་ཀླུ་དང་ས་བདག་གིས་དབང་བྱས་ཤིང་སྤྱོད་ངན་མང་པོས་མ་མོ་འཁྲུགས་ཏེ་སྦྱོར་བ་རྩུབ་པས་ལྷ་སྲིན་སྡེ་བརྒྱད་གཡོས་པའི་རྐྱེན་གྱིས་རིམས་ནད་སྣ་ཚོགས་པས་འགྲོ་བའི་སྲོག་སྡུད་པ་ལ་སོགས་པའི་གནོད་པ་འབྱུང་བས། དེ་དག་ཞི་བར་བྱ་བའི་ཐབས་ཀུན་ཐུབ་སྲུང་བའི་རྒྱལ་པོ་བསྟན།
Domain ཆོས་ལུགས།

{{#arraymap:ཀུན་ཐུབ་སྲུང་བའི་རྒྱལ་པོ་

|; |@@@ | | }}