19234
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ཉི་མའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག གཟི་ལྡན་འཆར་ཁའི་འོད་སྣང་ལས། ཉི་མའི་བརྟུལ་ཞུགས་ནི་ཀུན་ལ་སྙོམས་པའི་བླང་དོར་མེད་པའི་ལས་དང་མི་འབྲལ་བར་ཁོན་ཆེན་མུན་པར་འཇོམས་པའི་བདག་ཉིད་ཡིན་པ་ལྟར། རྣལ་འབྱོར་མཆོག་གིས་ཅི་ལའང་རྣམ་རྟོག་མེད་པའི་ཡེ་ཤེས་མངའ་བས་མ་རིག་པ་འཇོམས་པའི་བརྟུལ་ཞུགས། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཉི་མའི་བརྟུལ་ཞུགས་
|; |@@@ | | }}