19261
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཉི་མ་ལྷོ་བགྲོད་དང་བྱང་བགྲོད་གཉིས་སམ་ཉི་མ་འཛམ་གླིང་ལ་ལྟོས་ཏེ་ལྷོར་རྒྱུ་བ་དང་བྱང་དུ་རྒྱུ་བ་གཉིས་ཏེ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། ཉི་ཟླ་གཉིས་ལྷོ་བྱང་དུ་བགྲོད་པ་རེ་མོས་ཡིན་ཏེ། དེ་གཉིས་ལས་གཅིག་ལྷོ་བགྲོད་ཀྱི་ཚེ་ཅིག་ཤོས་བྱང་བགྲོད་ཡིན་ལ། གཅིག་བྱང་བགྲོད་ཀྱི་ཚེ་ཅིག་ཤོས་ལྷོ་བགྲོད་བྱེད་པའི་ཕྱིར། ཞེས་དང་། ཉི་མའི་ལྷོ་བྱང་གི་བགྲོད་གཉིས་ཀྱི་ཚེ་མཐོ་དམན་མི་མཉམ་སྟེ། བྱང་བགྲོད་ཀྱི་ཚེ་མཐོ་ལ་ལྷོ་བགྲོད་ཀྱི་ཚེ་དེ་ལས་དམའ་བའི་ཕྱིར། སྤྱིར་ཉི་ཟླ་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་དང་འཆར་བར་བཤད་པ་ནི་སྟོན་དཔྱིད་ལྟ་བུའི་དུས་ཀྱི་ཚེ་ཡིན་ཡང་། དེའི་ཚེ་གཉའ་ཤིང་འཛིན་གྱི་རྩེ་མོའི་ཐད་ཀ་ན་ཡོད་པ་མིན་ཏེ། ཉི་ཟླ་བྱང་བགྲོད་མཐར་ཐུག་གི་དུས་སུ་ཡང་ལྷོ་གླིང་འདིའི་དབུས་ནས་བྱང་ཕྱོགས་སུ་མི་འོངས་བའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཉི་མའི་ལྷོ་བྱང་གི་བགྲོད་གཉིས་
|; |@@@ | | }}