19275
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མངོན་པ་མཛོད་ནས་བཤད་པའི་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་གསེས་ཏེ། ཉིན་ཞག་རེ་ལ་དམྱལ་བ་དང་མཐོ་རིས་ཀྱི་བདེ་བ་འདྲེན་མར་མྱོང་བའི་དམྱལ་བའོ། །དེ་ཡང་སེམས་ཅན་མང་པོའམ་གཉིས་སམ་གཅིག་གི་སོ་སོའི་ལས་དག་གིས་མངོན་པར་གྲུབ་པས། དེ་དག་གི་རྣམ་པ་བྱེ་བྲག་ནི་དུ་མ་ཡོད་ལ། གནས་ནི་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱ་ངམ་གྱི་ཕྱོགས་དག་དང་། གཞན་དག་དང་། འོག་ན་ཡང་ཡོད་པའི་ཕྱིར་རོ། ། གཞན་ཡང་། ལུང་ཀོ་ལྤགས་ཀྱི་གཞི་ལས། ཉིན་པར་གཞན་གྱི་སྲོག་གཅོད་ཅིང་། །ནུབ་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། སྡིག་ཏོ་འདི་ནི་མྱོང་བ་ཡིན་ཞེས་པ་དང་། མཚན་མོ་བྱི་བ་བྱེད་ལ་ཆགས། ཉིན་པར་ཚུལ་ཁྲིམས་ཡོན་ཏན་ལྡན། ལས་དེའི་འབྲས་བུ་བཟང་པོ་དང་། སྡིག་ཏོ་འདི་ནི་མྱོང་བ་ཡིན་ཞེས། །ཉི་ཚེ་བ་དག་གིས་ཚོང་དཔོན་གྲོ་ཞུན་སྐྱེས་ལ་སྨྲས་པ་བཞིན་ནོ། །ཞེས་གསུངས་པས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཉི་ཚེ་བའི་དམྱལ་བ་
|; |@@@ | | }}