19292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་ཟླ་འབར་བའི་སྒྲོན་མ་ (1)
Part of speech མིང་ཚིག
Definition རཏྣ་སཱུརྻ་ཙནྡྲ་ཛྭ་ལ་དཱི་པ་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་དུ་མ་བྱོན་སྔོན་ལ་བལ་ཡུལ་ཨ་སུ་ར་ཡི་བྲག་ཕུག་ཏུ་སྒྲུབ་པར་བཞུགས་སྐབས་འཕགས་པ་འཇམ་དཔལ་གྱི་ཞལ་དངོས་སུ་གཟིགས་ནས་རྒྱ་གར་སྐད་དུ་བརྩམས་པའི་འཇམ་དཔལ་མཚན་བརྗོད་ཀྱི་རྒྱུད་འགྲེལ་ཞིག་ཏེ། འདིའི་མཚན་རྒྱས་པར་རྒྱ་གར་གྱི་སྐད་དུ། ཨཱརྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བྲྀ་ཏྟི་རཏྣ་སཱུརྻ་ཙནྡྲ་ཛྭ་ལ་དཱི་པ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ་ཞེས་བྱ། ནང་གསེས་ཀྱི་བརྗོད་བྱ་ཡོངས་རྫོགས་ཐེག་པའི་རྩེ་རྒྱལ་སྤྱི་ཏི་ཡོ་གའི་ལུགས་ལྟར་བཀའ་ཡི་ཚོམས་ཆེན་བཞི་དང་། འཇམ་དཔལ་གྱི་དཀྱིལ་འཁོར་བདུན་དུ་དྲིལ་ཏེ་བཀྲལ་ཅིང་། རྒྱུད་ཀྱི་དོན་དང༌། ཚིག་གི་དོན། མན་ངག་གི་དོན། དགོངས་པའི་དོན་བཅས་རྣམ་པ་བཞིས་ཟབ་ཅིང་རྒྱ་ཆེར་གཏན་ལ་ཕབ་སྟེ་རྫོགས་པར་བཤད་པས། འགྲེལ་པ་འདི་ནི་འཇམ་དཔལ་མཚན་བརྗོད་ཀྱི་དཀའ་འགྲེལ་དང་། དོན་འགྲེལ། འབྲུ་འགྲེལ། སྟོབས་ཀྱི་འགྲེལ་པ་ལགས་པར་གསུངས་ལ། གཞུང་འདི་ནི་ཆོས་རྒྱལ་ཁྲི་སྲོང་གི་སྐུ་རིང་ལ་སྔ་འགྱུར་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་ཅིང་། བསེ་སྒྲོམ་ནང་དུ་གསེར་གྱིས་རྒྱས་བཏབ་ནས་གུ་རུས་རྒྱང་རོ་ཚལ་མའི་བྲག་ལ་བསྣམས་ནས། ལོ་བྱི་བ། ཟླ་བ་འབྲུག སྐར་མ་རྒྱལ་གྱི་ཉིན་མོར་སྦས་ཤིང་གཏེར་སྲུང་ལ་བཀའ་བསྒོས། མ་འོངས་ལས་ཅན་དང་འཕྲད་པའི་སྨོན་ལམ་མཛད་པ་དེ་ཉིད་ཕྱིས་སུ་གཏེར་སྟོན་སྙེ་མོ་ཞུ་ཡས་ཀྱིས་རྒྱང་རོ་ཚལ་མའི་བྲག་ལ་སྒྲུབ་པ་བྱེད་པའི་ཉམས་སུ་ཤར་ཅིང་། དེར་གཏེར་ཆོས་ཟབ་རྒྱས་འདུག་པ་གཟིགས་ཏེ་རྒྱུད་འབྲེལ་འདི་གཏེར་ནས་བཞེས། ཤིན་ཏུ་ཟབ་པ་སྤྱི་ཏི་ཡོ་ག་ལྟར་བཀྲལ་བའི་གནད་ཀྱིས་གསང་རྒྱ་ཆེ་སྟབས་ཐུན་མོང་དུ་མ་གྲགས་པའི་ཆིག་བརྒྱུད་བཀའ་རྒྱ་མའི་ཁོངས་སུ་བཞུགས་པ་ལས། དཔེ་རྒྱུན་ཙམ་འཕེལ་ནའང་མཐོང་ཐོས་དོན་ལྡན་དུ་འགྱུར་བར་གཟིགས་ཏེ། ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བཀའ་མའི་རྒྱབ་ཆོས་ཀྱི་སྙིང་བཅུད་དུ་དག་ཐེར་གྱིས་བཞུགས་སུ་གསོལ་བའི་རྒྱུད་འགྲེལ་བྱིན་ཅན་ཞིག་ཡིན།

{{#arraymap:ཉི་ཟླ་འབར་བའི་སྒྲོན་མ་

|; |@@@ | | }}