19325
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། གཙང་གཙུག་པའི་བསྲུང་ཁྲིམས་ཏེ། རྩ་བའི་སྡེ་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་གཙང་པ་སྤྱོད་པ། རྫུན་དུ་སྨྲ་བ་དང་བཞི། མི་དགེ་བའི་སྡེ་ནི། ངག་འཁྱལ་དང་། ཚིག་རྩུབ། ཕྲ་མ། མངན་སེམས། གདུག་སེམས། ལོག་པར་ལྟ་བ་དང་དྲུག ཁ་ཟས་ཀྱི་སྡེ་ནི། མང་ཐུན་གྱི་ཤ། ཡུ་ཏིའི་ཆང་། ཨག་ཙོང་གི་སྒོག་པ། དུས་མ་ཡིན་པའི་ཁ་ཟས་ཟ་བ་དང་བཞི། ཁྲི་སྟན་གྱི་སྡེ་ནི། ཁྲི་སྟན་མཐོན་པོ། ཁྲི་སྟན་བཟང་པོ། ཁྲི་སྟན་མཛེས་པ་དང་གསུམ། སིལ་བུའི་སྡེ་ནི། གསེར་དངུལ་ལེན་པ། རྒྱན་དང་བྱུགས་པ། མ་དག་པའི་སྤྱོད་པ་དང་གསུམ། རྗེས་སྲུང་ལྔ་སྟེ། བཞར་བྲེགས་ཀྱི་རྗེས་སྲུང་། ཁྲུས་ཀྱི་རྗེས་སྲུང་། གོས་ཀྱི་རྗེས་སྲུང་། མིང་གི་རྗེས་སྲུང་། རྫས་སུ་རྗེས་སྲུང་དང་བསྡོམས་པའི་ཉི་ཤུ་རྩ་ལྔའོ། །གྲངས་སུ་བརྩི་ལུགས་མི་མཐུན་པ་འདུག་ཀྱང་ལས་ཆོག་ལྟར་མཁན་པོ་ཉི་མའི་བཞེད་པ་ལྟར་དུ་བཀོད་པའོ། ། |
| Domain | ཆོས་ལུགས། |