19341

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉིང་ཕུག་པ་ཆོས་ཀྱི་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཤིང་ཁྱི་ཕྱི་ལོ་ ༡༠༩༤ ལོར་སྟག་སྡེ་སེང་གེ་ལུང་དུ་ཡབ་ཡུམ་ཞང་ཞུང་བ་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་བཞི་བར་དབུས་སུ་བྱོན། ཟངས་དཀར་ལོ་ཙཱ་བ་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་རྣམས་ཞུས། ཁྱུང་ལས་རབ་ཏུ་བྱུང་། མཚན་ལ་ཆོས་ཀྱི་གྲགས་པ་ཞེས་གསོལ། ཇོ་བོ་འབུམ་ཕྲག་གསུམ་པ་ལས་ཆོས་ཟླ་བ་གཅིག་ཙམ་གསན། མངའ་རིས་འཇམ་དབྱངས་ལས་བསྙེན་པར་རྫོགས། འབྲེ་ཤེས་རབ་འབར་ལས་ཤེར་ཕྱིན་དང་། ཁྱུང་ལས་དབུ་ཚད། ངུར་སྨྲིག་པ་ཆེན་པོ་ལས་མངོན་པ། སྟག་ཚལ་གྱི་མར་པ་ལོ་ཙཱ་བ་ལས་བྱམས་ཆོས་སྡེ་ལྔ། དགེ་བཤེས་ལྔ་ར་བ་ལས་བཙན་ལུགས་ཀྱི་བྱམས་ཆོས། པ་ཚབ་ལོ་ཙཱ་བ་ལས་དབུ་མ་རིགས་ཚོགས། དགེ་བཤེས་གཤེན་ལས་ཙ་ལོའི་ཆོས་དྲུག མངའ་རིས་སྐྱི་སྟོན་ལས་བདེ་མཆོག་ རྔོག་གཞུང་པ་ལས་དགྱེས་རྡོར། དཔྱལ་ཀུན་དགའ་རྡོ་རྗེ་ལས་ཕག་མོ། མཐའ་བཞི་བ་ལས་སྔགས་དང་འདུལ་བ། འཁོན་གད་པ་ཀཱིརྟི་ལས་རིམ་ལྔའི་ཁྲིད། ལྷ་རྗེ་གཙང་ཤོད་པ་ལས་ཕྱག་ཆེན། སྣེའུ་ཟུར་བ་ལས་བཀའ་གདམས། དྭགས་པོ་ལྷ་རྗེ་ལས་ནཱ་རོ་ཆོས་དྲུག་བཅས་གསན། མཁས་པ་ཆེན་པོར་གྱུར། རི་ཁྲོད་རྟ་སྒོའི་གངས་ལ་ལོ་་བཅུ་བཞིའི་རིང་ཉམས་ལེན་མཛད། །བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ཉེ་གནས་ཀྱང་ཡུན་རིང་མཛད། ཉིང་ཕུག་ཏུ་བཞུགས། བསྙུང་གནས་དང་ཟན་དོན་རྒྱ་ཆེན་པོ་མཛད། གོ་གསུམ་པ་རབ་བྱུང་གསུམ་པའི་མེ་རྟ་ཕྱི་ལོ་ ༡༡༨༦ ལོར་སྐུ་གཤེགས། ཐུགས་རྗེ་ཆེན་པོ་དང་རྡོ་རྗེ་ཕྲེང་བའི་བརྒྱུད་པའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན། སློབ་མའི་གཙོ་བོ་ནི་སྲུ་པ་རྡོ་རྗེ་རྒྱལ་པོ་ཡིན།