19378

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉིན་དགོན་གཞན་ཕན་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་གཡོན་རུ་དཔོན་ཚང་སར་སྐུ་འཁྲུངས། འཚོ་ཕུ་སྒྲུབ་ཆེན་དང༌། ཆོས་ཀྱི་བློ་གྲོས་སོགས་ལས་གསན་བསམ་རྫོགས་པར་མཛད། ལི་ཐང་དགོན་པ་ནང་རྙིང་མ་གྲྭ་ཚང་ཞེས་བླ་གྲྭ་བརྒྱ་ཙམ་ཡོད་པའི་སྔ་འགྱུར་གྱི་རིང་ལུགས་འཛིན་པའི་ཆོས་སྡེ་གསར་བསྐྲུན་མཛད་དེ་མཁས་བཙུན་གྱི་ཡོན་ཏན་དང་ཐུགས་བསྐྱེད་རྨད་དུ་བྱུང་བའི་ཕྲིན་ལས་ལ་མངའ་བརྙེས་པ་ཞིག་བྱོན་པ་ཡིན་ནོ། །