19379

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉིན་དགོན་བཀའ་བརྒྱུད་ (1)
Part of speech མིང་ཚིག
Definition རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེང་གེ་ཡུལ་ཟླ་རྒྱུད་ཀྱེ་ཡེ་རུ་ཡབ་རྡོ་རྗེ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ལུས་མེད་རྡོ་རྗེའི་མདུན་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཚུལ་ཁྲིམས་སེང་གེ་གསོལ། དགྱེས་རྡོར་གྱི་དབང་ཞུས་སྐབས་གསང་མཚན་བདེ་བའི་རྡོ་རྗེར་གསོལ། གྲུབ་ཐོབ་གླིང་རས་ཀྱི་སྤྲུལ་པར་གྲགས། བདུན་ཅུ་དོན་བདུན་ལ་ཉིན་དགོན་དུ་སྐུ་གཤེགས་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན། (འཁྲུངས་འདས་མི་གསལ། ) སློབ་མ་དབོན་ཚུལ་ཡེ་བ། ཚུལ་བྱང་བ་བྱ་བྲལ་ཡེ་ཤེས་གྲགས། གྲུབ་ཐོབ་སྔོན་པོ་རས་པ་ཐུགས་རྗེ་སྐྱབས་སོགས་མང་པོ་བྱོན། གདན་ས་བ་ནི་བྱ་བྲལ་ཡེ་ཤེས་གྲགས་ཡིན། ཚུལ་བྱང་བ་ཡང་དེར་བཞུགས་ཤིང་གདན་ས་མཛད། དེ་རྗེས་ཧོར་བླ་མ་སོགས་རིམ་པར་བྱོན་རྗེས་ཤོར་ཕུ་དང་ཉ་ཡག་གཉིས་སྤོ་ལན་མཛད་པར་སྣང༌། ཤོར་སྟོད་ཀ་ཡེ་ཁར་ཉ་ཡག་ཡུལ་དགོན་བཏབ་ཅིང་ཤོར་ཕུ་ཉིན་དགོན་དུ་གཏན་ཆགས་པར་གདའ། གང་ལྟར་ཉ་ཡག་དགོན་དུ་བསྟན་དགོན་འཛིན་སྐྱོང་ཆད་མེད་བྱོན་ཀྱང་གསལ་ཆ་མ་འཚལ་རུང༌། ཕྱིས་སུ་འཇམ་སྤྲུལ་ཉི་སྤྲུལ་ཞེས་པ་བྱུང་ཞིང་ཆོས་ལུགས་ས་སྐྱ་པར་འགྱུར་བ་མ་གཏོགས་ཡུལ་འབྲོག་གཉིས་སུ་དགོན་པ་ད་ལྟ་བར་ཡོད་པ་སྟེ་ཉིན་དགོན་པའི་སྐབས་སོ། །