1948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་དཔལ་ལྡན་ (1)
Part of speech མིང་ཚིག
Definition གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་གསུམ་པ་ཀུན་དགའ་དཔལ་ལྡན་ནི། ཕྱི་ལོ་ ༡༨༢༩ ལོར་སྨྲ་རོང་ཕྱོགས་ཀྱི་གྲོང་ཁེབ་ལེབ་ཅེས་པར་སྐུ་འཁྲུངས། ཡབ་ཀྱི་མཚན་ལ་ཕུར་རྩ་ཚེ་འབུམ་དང་། ཡུམ་གྱི་མཚན་ལ་མགོ་ལོག་བཟའ་བོ་ཅོག་ཟེར། ཁོང་གི་ཆུང་མིང་ལ་སྐལ་ཀོ་དང་གསང་མིང་ལ་མི་བསྐྱོད་ཆོས་ཀྱི་སེང་གེ་ཡང་ཟེར། དགུང་ལོ་ཉེར་གཉིས་ཐོག་འཛམ་ཐང་ཁང་དམར་དུ་སྐུ་དབོན་ཀུན་དགའ་ཆོས་གྲགས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་སྟེ་སྐུ་དབོན་གང་ཉིད་དང་གཙང་ཆེན་ཕོ་བྲང་གི་རྒྱལ་ཚབ་ངག་དབང་ཆོས་འཕེལ་རྒྱ་མཚོ་དང་། ངག་དབང་ཆོས་འཕགས་རྒྱ་མཚོ་གཉིས་བཤེས་གཉེན་དུ་བསྟེན། ཨ་སྐྱོང་མི་དབང་ཚེ་རིང་དབང་ཕྱུག་དང་། གོང་མའི་དཔོན་བསོད་ནམས་ཆོས་རྒྱལ། རྔ་ཡུལ་སེ་དགོན་པ་སོགས་ཀྱིས་སློབ་དཔོན་ཁོང་གདན་ཞུས་གནང་སྟེ་འདོད་ཆོས་གང་དགོས་དང་འབྱུང་འགྱུར་ལུང་བསྟན་སྒྲིབ་མེད་གནང་། དགུང་ལོ་ཞེ་དགུ་ནས་བཟུང་ཁོང་གིས་གཙང་ཆེན་ཕོ་བྲང་གི་སྒྲུབ་པའི་སློབ་དཔོན་མཛད་དེ་ཞར་བྱུང་སློབ་ཚོགས་མང་བར་བསྐྱངས་པའི་ནང་ནས་བྱང་ཕྱོགས་བསྟན་འགྲོའི་སྤྱི་དཔལ་གཙང་བ་སྐུ་ཆེན་དང་། རྟོགས་ལྡན་ངག་དབང་ཚུལ་ཁྲིམས་བཟང་པོ། ཆ་ལུང་པའི་ཡང་སྤྲུལ་ཀརྨ་བསྟན་པའི་ཉི་མ། གཙང་ཆེན་གྱི་ཡང་སྤྲུལ་ངག་དབང་ཕྱོགས་ལས་རྣམ་རྒྱལ། རྒྱལ་ཚབ་ངག་དབང་བསྟན་འཛིན་གྲགས་པ། དགེ་སློང་ངག་དབང་སྙན་གྲགས་སོགས་སློབ་དཔོན་གང་གི་ཐུགས་སློབ་ཡིན། དགུང་ལོ་རེ་གསུམ་པ་ཕྱི་ལོ་ ༡༨༩༡ ལོར་སྐུ་གཤེགས།