1954
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། བུད་མེད་རབ་ཏུ་དབྱུང་བར་གསོལ་བ་བཏབ་པ། བཅོམ་ལྡན་འདས་བསྐལ་བའི་བར་དུ་བཞུགས་པར་གསོལ་བ་མ་བཏབ་པ། བཅོམ་ལྡན་འདས་ཀྱིས་བཀའ་ཕབ་ནས། ཀུན་དགའ་བོ་འདི་ལྟ་བུའི་ཞེས་བཀའ་སྩལ་བར་ལན་གཞན་དུ་བཏབ་པ། བཅོམ་ལྡན་འདས་ཀྱི་ན་བཟའ་རྐང་པས་བརྫིས་པ། བཅོམ་ལྡན་འདས་ཤིང་སཱ་ལ་ཟུང་གི་དྲུང་དུ་སྐྱེམས་པ་དང་ཆུ་རྙོག་མ་ཅན་གསོལ་བ། སོ་ཐར་གྱི་མདོ་འདོན་པའི་ཚེ་ཚུལ་ཁྲིམས་ཕྲ་མོ་དང་། ཕྲན་ཚེགས་གང་ལགས་ཞེས་མ་ཞུས་པ། ཁྱིམ་པའི་འཁོར་དང་། བུད་མེད་སྤྱོད་པ་ངན་པ་རྣམས་ལ་དེ་བཞིན་གཤེགས་པའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བསྟན་པ། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་ཁ་དོག་ལྟར་སེར་བ་བུད་མེད་དག་ལ་བསྟན་པ། |
| Domain | ལོ་རྒྱུས། |