19575
Dictionaries | Monlam Grand <
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པ་གཞི་མའི་ལས་རིམ་གྱི་ནང་ཚན་ཏེ། དེ་ཡང་རང་གི་ལུས་གནས་ཀྱི་མདུན་རྒྱབ་སོགས་ལ་ཡེ་ནས་རང་ཆས་སུ་ཉེ་བར་བསྐོར་ནས་བཞུགས་པའི་ནང་ཡི་དམ་གྱི་ལྷ་ཚོགས་གང་དག་གསལ་ཞིང་བསྐྱེད་པའི་ཐབས་རྫས་སོགས་ལ་འཇུག་ཅིང་སྤྱོད་པའི་ལས་རིམ་ཞིག་ཡིན་ནོ། །དེ་ལ་གྲངས་ཀྱིས་དབྱེ་ན། ཡོ་བྱད་རྫས་ལ་བསྙེན་པ། ཐར་གླུད་སྐོང་ལ་བསྙེན་པ། ཕྱི་རྟེན་སྐོས་ལ་བསྙེན་པ་དང་གསུམ་དུ་བཤད་དོ། །དེ་དག་ལ་ཡང་ལམ་གྱི་བསྙེན་པ་ཞེས་བྱའོ། ། |
Domain | ཆོས་ལུགས། |