19588
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་ལས་བྱུང་བ་སྟེ། ༡ མ་རིག་པ་ནི། དེ་ཁོ་ན་ཉིད་མ་ཤེས་པའི་རྨོངས་པས་ཀུན་ནས་ཉོན་མོངས་པ་བྱས་པ། ༢ སེམས་ནི། ཡུལ་ལ་སེམས་པ་བཟུང་བ། ༣ ཡིད་ནི། ཡུན་ཅན་ཡིན་ལ་འཛིན་པ། ༤ འཛིན་པ་ནི། གཉིས་ཀ་ལ་བདག་ཏུ་འཛིན་པ། ༥ རྟོག་པ་ནི། ཀུན་ཏུ་རིག་པ། ༦ མ་ཤེས་པ་ནི། དོན་མ་རིག་པ། ༧ མ་མཐོང་བ་ནི། གནས་ལུགས་གཉེར་བྱ་མ་མཐོང་བ། ༨ མ་རྟོགས་པ་ནི། ཚིག་དོན་མ་རྟོགས་པ། ༩ མ་གོ་བ་ནི། རྣམ་སྤྱི་མ་གོ་བ། ༡༠ རང་གི་དེ་མ་དག་པ་ནི། འཁྲུལ་པར་ཤེས་ནས་དམ་བཅས་པའི་དོན་སྔ་མ་ནོར་བའི་རྣམ་པ། ༡༡ ང་ཡིར་བཟུང་བ་ནི། ཡུལ་ང་ཡིར་འཛིན་པ། ༡༢ གཞན་ལ་སེེར་སྣ་བྱེད་པ་ནི། གཞན་ཕུན་སུམ་ཚོགས་པ་ལ་མི་དགའ་བ། ༡༣ འདོད་པ་ནི། ཡུལ་དང་དུ་ལེན་པ། ༡༤ ཆགས་པ་ནི། ཡུལ་ལ་ལྷག་པར་སྲེད་པ། ༡༥ ཁེངས་པ་ནི། ཅུང་ཟད་ཀྱིས་རློམ་ཞིང་ཁེངས་པ། ༡༦ འཕྲོ་བ་ནི། ཡུལ་ལ་འཕྲོ་ཞིང་ཁྲོ་བ་རྣམས་སོ། ། |
| Domain | ཆོས་ལུགས། |