19589
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཉེས་པར་སྤྱོད་པ་ལ་མངོན་པར་ཞེན་པ། ༢ འཐབ་མོ་དང༌། མཚང་འདྲུ་བ། ༣ རྩོད་པ་དང༌། འགྱེད་པ། ༤ ཚུལ་ཁྲིམས་ཉམས་པ། ༥ སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་ཡང་དག་པར་བླངས་ཏེ་འདུག་པ། ༦ ལོག་པར་འཚོ་བ། ༧ འདོད་པ་ལ་ལོག་པར་ཞེན་པ། ༨ ཇི་སྐད་བསྟན་པའི་ཆོས་ཀྱི་དོན་ལ་སེམས་ཤིང་ངེས་པར་རྟོག་པ། ༩ སེམས་ཏིང་ངེ་འཛིན་དུ་བྱ་བའི་ཕྱིར་བསམ་པའི་དོན་ལ་ནང་གི་སེམས་ཀྱི་ཞི་གནས་ཀྱི་རྗེས་སུ་མཐུན་པ། ༡༠ གཅིག་ལ་གཅིག་ཟང་ཟིང་གི་ལོངས་སྤྱོད་སྟོབས་པ། ༡༡ མ་འདྲེས་པར་གནས་ཤིང་བས་མཐའི་གནས་མལ་དུ་གནས་པ། ༡༢ རབ་ཏུ་དབྱེ་བ་ན་གནས་པས་སྡུག་བསྔལ་ཉེ་བར་གྱུར་པ་བཅས་སོ། །གནས་བཅུ་གཉིས་པོ་དེ་དག་ལ་བརྟེན་ནས་ཆགས་པ་ལ་སོགས་པ་འཁྲུལ་པའི་མཐར་ཐུག་པའི་བར་གྱི་ཉེ་བའི་ཉོན་མོངས་པ་ཇི་སྐད་བསྟན་པ་རྣམས་ཀྱི་འཇུག་པ་རྣམ་པར་གཞག་པར་རིག་པར་བྱའོ། །༡ དེ་ལ་ཆགས་པ་དང་ཞེ་སྡང་དང་གཏི་མུག་ནི་གནས་དང་པོའོ། །༢ ཁྲོ་བ་ལ་སོགས་པ་གཡོ་བ་མཐར་ཐུག་པའི་བར་དག་ནི་གནས་གཉིས་པའོ། ། ༣ ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་གནས་གསུམ་པའོ། །༤ ང་རྒྱལ་ལ་སོགས་པ་ཉེས་རྩོམ་གྱི་མཐར་ཐུག་པའི་བར་དག་ནི་གནས་བཞི་པའོ། །༥ ཚུལ་འཆོས་པ་ལ་སོགས་པ་སྡིག་པའི་གྲོགས་པོའི་མཐར་ཐུག་པའི་བར་དག་ནི་གནས་ལྔ་པའོ། །༦ མི་བཟོད་པ་དང་ཞེན་པ་ལ་སོགས་པ་མི་མཐུན་པ་ལ་ཆགས་པའི་མཐར་ཐུག་པའི་བར་དག་ནི་གནས་དྲུག་པའོ། །༧ འཇིག་ཚོགས་ལ་ལྟ་བ་དང༌། འབྱུང་བར་ལྟ་བ་དང་འཇིག་པར་ལྟ་བ་ནི་གནས་བདུན་པའོ། ། ༨ འདོད་པ་ལ་འདུན་པ་ལ་སོགས་པ་ཡིད་ལ་མི་བྱེད་པའི་མཐར་ཐུག་པའི་བར་དག་ནི་གནས་བརྒྱད་པའོ། །༩ རུ་གདུག་དང་འཕྱ་སྨོད་ནི་གནས་དགུ་པའོ། །༡༠ མི་མནམས་པ་དང་མི་མཉེན་པ་དང་རིས་མཐུན་པའི་རྗེས་སུ་མི་འཇུག་པ་ནི་གནས་བཅུ་པའོ། ། ༡༡ འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པའི་མཐར་ཐུག་པའི་བར་དག་ནི་གནས་བཅུ་གཅིག་པའོ། །༡༢ མྱ་ངན་ལ་སོགས་པ་ནི་གནས་བཅུ་གཉིས་པ་ལ་བརྟེན་ཏེ་འཇུག་པར་རིག་པར་བྱའོ། ། |
| Domain | ཆོས་ལུགས། |