19597

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་བའི་མཚམས་མེད་ལྔ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཛོད་འགྲེལ་མངོན་པའི་རྒྱན་ལས། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ཞིག་འདོད་ལོག་གིས་སུན་ཕྱུང་བ་བྱས་པ་དང། བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བསད་པ་དང། འཕགས་པ་སློབ་པའི་གང་ཟག་བདུན་པོ་གང་ཡང་རུང་བ་གསོད་པ་དང། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་སྟེ་བཞི་པོ་དག་ནི་རིམ་པ་ལྟར་མ་དང་ཕ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་གྱི་དབྱེན་བྱེད་པའི་མཚམས་མེད་པ་རྣམས་དང་ཉེས་པ་ཆ་འདྲ་ཞིང་མཚུངས་པས་དེ་རྣམས་དང་ཉེ་བ་ཞེས་བྱ་སྟེ། འདི་རྣམས་ཀྱིས་ཀྱང་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཉེ་བ་ནི་ལྔ་པ་ཞེ་སྡང་ལ་སོགས་པས་ཀུན་ནས་བསླངས་ནས་མཆོད་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་འཇིག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་ལ། ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས། མ་དགྲ་བཅོམ་མ་ཞིག་འདོད་ལོག་གིས་སུན་འབྱིན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ངེས་གནས་གསོད་པ་དང་། འཕགས་པ་སློབ་པ་གསོད་པ་དང་། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ནངས་གཅིག་གི་འཚོ་བ་ཡན་ཆད་དམ། ནར་མར་འདུ་བ་ཞེས་དབྱིག་བཤེས་ཀྱིས་བཤད་དོ། །དེ་འཕྲོགས་པ་སྟེ་བཞི་བོ་དག་མཚམས་མེད་པ་བཞི་དང་ཆ་འདྲ་བ་སྟེ། མཚམས་མེད་ལྔ་བའི་ཉེ་བ་ནི་མཆོད་རྟེན་འཇིག་པར་བྱེད་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།