19599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་བའི་ཚོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསོད་ནམས་རྒྱུའི་ཚོགས་རྣམ་པ་གཉིས་ཀྱི་ཡ་གྱལ་ཡིན་ལ། དོན་ནི། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། ཉེ་བ་བྱང་ཆུབ་སེམས་ཉིད་ལ། ཚོགས་བསགས་པ་དང་སྤེལ་བའོ། །ཞེས་པས། བྱང་ཆུབ་སྒྲུབ་པའི་ཐབས་སུ་ཉེ་བའམ་ཡང་ན་དངོས་འབྱོར་ཡིད་སྤེལ་གྱི་མཆོད་པ་ཇི་སྙེད་རྣམས་རང་ལས་མི་གཞན་པ་སེམས་ཀྱི་རོལ་པར་འཆར་བའི་ལྷ་དང་ལྷ་མོའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་ཀྱི་བདག་ཉིད་ལ་ཏིང་ངེ་འཛིན་གྱིས་དམིགས་མེད་རྒྱ་ཡན་དུ་འབུལ་བ་ལ་བྱའོ། །
Domain ཆོས་ལུགས།