19602

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་བའི་རིན་ཆེན་བདུན་ (1)
Part of speech མིང་ཚིག
Definition རྒྱལ་པོ་དང་འགལ་བར་སྤྱོད་པ་དེར་སོང་བ་ཙམ་གྱིས་ཐམས་ཅད་འདྲུད་པར་བྱེད་པའི་རལ་གྲི་དང་། ཆུར་དཔག་ཚད་བཅུ་དང་ཞེང་དུ་ལྔ་པ་ཆར་གྱིས་མི་བརླན་ཤིང་རླུང་གིས་མི་བསྐྱོད་པ། གྲང་ན་བསྲོ་ཞིང་ཚ་ན་བསིལ་བར་བྱེད་ལ། གང་དུ་འགྲོ་སར་འཁོར་དང་བཅས་པའི་ཁྱིམ་གྱི་བྱ་བ་བྱེད་པའི་པགས་པ་ཞིག་ཚོང་པས་ཕུལ་བ་ལས་རྒྱ་མཚོ་ནས་བྱུང་བའི་ཀླུའི་པགས་པ་ཡིན་པར་བཤད་པ་དང་། ཆུར་དཔག་ཚད་བཅུ་གཉིས་དང་ཞེང་དུ་བདུན་པ། གྲང་ན་དྲོ་ལ་ཚ་ན་བསིལ་ཞིང་ལྷ་མོ་རྣམས་འོངས་ནས་རོལ་མོ་བྱེད་པ། ཟླ་བ་རྒྱུ་སྐར་དང་རིན་པོ་ཆེ་སོགས་ལྟ་བར་འདོད་ཀྱང་འགྲུབ་པའི་ཁང་བཟང་། འཇམ་ཞིང་དྲི་མ་མི་གོས་པས་གྲང་དྲོ་བཀྲེས་སྐོམ་ངལ་དུབ་ཀྱིས་མི་གནོད་པ་མེ་དང་མཚོན་སོགས་ཀྱིས་མི་ཚུགས་པའི་གོས་དང་། རྒྱལ་པོ་ཕྱིན་པའི་ཚེ་ལྷའི་བུ་དང་བུ་མོ་དང་བྱ་སོགས་འོངས་ནས་འདོད་ཡོན་ལ་སྤྱོད་པའི་སྐྱེད་ཚལ་དང་། བསམ་གཏན་བྱེད་ན་རྣམ་པར་གྲོལ་ཞིང་བློ་གསལ་བ། ཀུན་ནས་ཉོན་མོདས་པ་དང་བྲལ་བར་བྱེད་པའི་མལ་ཆ་དང་། གྱོན་ན་ཆུར་མི་བྱིང་ཞིང་ཡུལ་ཙམ་གྱིས་དཔག་ཚད་བརྒྱད་འགྲོ་བ་ལ་ངལ་བ་མེད་པའི་ལྷམ་རྣམས་བཅས་སྟེ། རལ་གྲི། པགས་པ། ཁང་བཟང་། གོས། སྐྱེད་ཚལ། མལ་ཆ། ལྷམ་བཅས་སོ། །
Domain ཆོས་ལུགས།