19612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་བའི་སྡིག་པ་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དཔལ་དུས་ཀྱི་འཁོར་ལོའི་བརྟུལ་ཞུགས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། ཆོ་ལོ་རྩེ་བ་དང་། ཁ་ན་མ་ཐོ་བའི་ཟས་དང་། ཚིག་ངན་ཀློག་པ་དང་། འབྱུང་བོའི་ཆོས་དང་། ལྷ་མིན་དབང་བོའི་ཆོས་དང་ལྔ་སྟེ། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ལྷན་ཐབས་འོད་བརྒྱ་འབར་བ་ལས། ཤོ་དང་མིག་མང་དང་དེ་དག་འདྲ་བ་རྣམས་ནི་ཆོ་ལོ་རྩེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པའི་ཟས་ནི། བཟའ་བ་དང་རིན་གྱི་དོན་དུ་བསད་པ་དང་མཆོད་སྦྱིན་གྱི་ལྷག་མ་སོགས་མཚན་མ་དང་བཅས་པའི་ཤ་ནི་མཚོན་པར་བྱེད་པ་སྟེ་གཞན་ཡང་སྡིག་པ་དང་བཅས་པའི་ཟས་རྣམས་སོ། །ཚིག་ངན་ཀློག་པ་ནི། ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་པའི་ངག་འཁྱལ་སྣ་ཚོགས་དང་། འབྱུང་པོའི་ཆོས་ནི། མཚུན་གསོལ་བ་སྟེ། ཕ་མེས་དུས་ཀྱི་དུར་ཁྲོད་དུ་གནས་པའི་ལྷར་ཤ་ཁྲག་གཏོར་བའི་གསོལ་མཆོད་བྱེད་པ་དང་། ལྷ་མིན་དབང་པོའི་ཆོས་ནི། ཀླ་ཀློའི་ཆོས་ལ་བློ་འཇུག་ཅིང་བརྩོན་པ་སྟེ། དེ་རྣམས་སྡིག་པའི་ལས་དང་རྗེས་སུ་མཐུན་པ་ཉེ་བའི་སྡིག་པ་ལྔ་དང་། ཞེས་གསུངས།
Domain ཆོས་ལུགས།