From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་དགའ་རྒྱལ་མཚན་ (1)
| Part of speech
|
མིང་ཚིག
|
| Definition
|
རབ་བྱུང་བཞི་པའི་ཆུ་ལུག་ཕྱི་ལོ་ ༡༢༢༣ ལོར་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་བྱ་ཕྱི་ལོ་ ༡༢༦༡ ལོར་ཚལ་གུང་ཐང་གི་གདན་སར་ཕེབས། ལྷ་གདེངས་གསར་འདེབས་མཛད། ཡང་དགོན་ཀ་དགུ་མའི་སྟེང་དང་། གསེར་ཁང་སྟེང་སྐོར་མཛད་པས་གསེར་ཁང་སྟེང་པ་ཞེས་ཀྱང་གྲགས། ལོ་ངོ་སོ་གསུམ་རིང་གདན་ས་བསྐྱངས། བདུན་ཅུ་པ་རབ་བྱུང་ལྔ་པའི་ཆུ་འབྲུག་ཕྱི་ལོ་ ༡༢༩༢ ལོར་སྐུ་གཤེགས། ཚལ་གུང་ཐང་གི་བླ་རབས་བརྒྱད་པ་ཡིན། མཚན་གཞན། གསེར་ཁང་སྟེང་པ།
|
ཀུན་དགའ་རྒྱལ་མཚན་ (2)
| Part of speech
|
མིང་ཚིག
|
| Definition
|
ས་སྐྱ་པཎྜི་ཏའི་མཚན་གྱི་རྣམ་གྲངས།
|