19639
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་ཡོངས་སུ་སྨིན་པའི་མཐར་ཕྱིན་པར་བྱ་བའི་ཕྱིར། སེམས་ཅན་གྱི་ཁམས་ཉེ་བར་ལེན་པ། ལྷག་མ་མེད་པར་ཡོངས་སུ་དག་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཉེ་བར་ལེན་པ། བྱང་ཆུབ་སེམས་དཔའི་སྤྱོད་པས་མཉེས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཉེ་བར་ལེན་པ། མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་གྱི་ཡོན་ཏན་ཡང་དག་པར་བསྡུ་བའི་ཕྱིར། དགེ་བའི་རྩ་བ་ཉེ་བར་ལེན་པ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་བླངས་ཏེ་རབ་ཏུ་ཞི་བར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ཉེ་བར་ལེན་པ། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བདེ་བ་ལ་རབ་ཏུ་དགོད་པའི་ཕྱིར། བྱམས་པ་ཆེན་པོ་ཉེ་བར་ལེན་པ། བྱང་ཆུབ་སེམས་དཔའི་རྒྱན་ཡང་དག་པར་བསྡུ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཉེ་བར་ལེན་པ། སྒོ་ཐམས་ཅད་ཡོངས་སུ་བསྟན་པའི་ཕྱིར། ཐབས་མཁས་པ་ཉེ་བར་ལེན་པ། ཆགས་པ་མེད་པའི་ཡེ་ཤེས་ཀྱི་ཕྱིར། བྱང་ཆུབ་ཉེ་བར་ལེན་པ། མདོར་ན་ཐམས་ཅད་མངོན་སུམ་དུ་ཤེས་པས་མངོན་པར་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཉེ་བར་ལེན་པའོ། ། |
| Domain | ཆོས་ལུགས། |