1964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་རིན་ཆེན་གྲགས་པ་ (1)
Part of speech མིང་ཚིག
Definition ཚེས་བཅུ་སྐུ་ཕྲེང་བརྒྱད་པ་ཀུན་དགའ་རིན་ཆེན་གྲགས་པ་ནི། འཛི་རོང་པ་སིན་ཟེར་བའི་ས་ཆ་ནས་འོང་བ་རྒྱལ་རོང་དམ་པ་ལེགས་གཏེར་རྒྱལ་པོོའི་གདུང་བརྒྱུད་ལས་ཆད་པ་སྐབས་དེར་མགོ་ལོག་ཕྱོགས་སུ་རེ་ཞིག་གནས་བྱ་བའི་ཡབ་དབང་པོ་རབ་བརྟན་དང་ཡུམ་སྐལ་བཟང་སྐྱིད་གཉིས་ཀྱི་སྲས་སུ་མེ་རྟ་ལོར་ལེགས་དགེའི་མཚན་མ་དང་བཅས་སྐུ་འཁྲུངས། རྫ་མུ་ར་རིན་པོ་ཆེས་དཀོན་མཆོག་དཔལ་ལྡན་རྒྱ་མཚོ་ཞེས་པའི་མཚན་གསོལ། འཛམ་ཐང་ཕྱོགས་ཀྱི་སྐུ་སྐྱེས་སུ་ངོས་འཛིན་མཛད། འཛམ་ཐང་སྦྱངས་པ་སྐྱབས་མགོན་གྱིས་ཀྱང་ཚེས་བཅུའི་ཡང་སྤྲུལ་དུ་ངོས་འཛིན་གསལ་བོ་བཅས་ཚེས་བཅུའི་སྒར་དུ་གདན་དྲངས། བླ་མ་ལྷག་བསམ་གྱིས་ཡོངས་འཛིན་གནང་། ཚ་ཁ་བླ་མ་འཇིགས་མེད་རྒྱ་མཚོ་དང་། དགེ་བཤེས་ཏིང་འཛིན། དབོན་དམ་པ་འགྱུར་མེད་རྒྱ་མཚོ་རྣམ་པར་བཤེས་གཉེན་བསྟེན་ནས། སྐྱབས་འགྲོ་སོགས་ལ་སྦྱང་བརྩོན་སྔོན་དུ་བཏང་སྟེ་ལྷག་པར་དཔལ་ཇོ་ནང་པའི་རང་ལུགས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཟབ་བཀའ་སྨིན་བྱེད་དབང་ལུང་མན་ངག་བཤད་ཁྲིད་ཡོངས་རྫོགས་གསན་ཏེ་ཉམས་ལེན་མཛད། གཞན་དོན་ཕྲིན་ལས་ཀྱི་མཛད་སྒོ་ཡང་ཚེས་བཅུའི་ཡིག་བརྒྱའི་མཚམས་གྲྭ་བ་སོགས་གྲྭ་སློབ་དུ་མ་ལ་རང་རང་དང་འཚམ་པའི་ཆོས་ཁྲིད་གནང་བ་དང་། རང་ཡུལ་འཛི་གཞུང་དང་གཞན་མགོ་ལོག་མཚོ་སྔོན་སོགས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ཚེས་བཅུའི་ཕོ་བྲང་གསར་བཞེངས་ནང་བྱམས་ཆེན་གྱིས་གཙོས་ཉེ་སྲས་བརྒྱད་ཀྱི་ལུགས་མ་ཞིག་གསོས་དང་གསེར་ཁང་རྟེན་གསུམ་བཅས་གསར་བསྐྲུན་སོགས་དང་། མཆོད་རྟེན་བཀྲ་ཤིས་སྒོ་མང་ཕྱི་ནང་ཡོངས་རྫོགས་ཞིག་གསོས་གནང་པ་དང་བཅས། ཉིད་ཀྱི་གསུང་རྩོམ་ལ་རྒྱལ་བསྟན་སྤྱིའི་ཆོས་འབྱུང་སོགས་ཡིག་ཆ་གསར་འཇོག་ཡང་འགའ་རེས་བསྟན་པའི་ཞབས་ཏོག་ལེགས་མཛད་ཀྱི་ཆེ་བ་སོགས་སྒོ་ཀུན་ནས་དམ་པ་མཆོག་གི་མཛད་བཟང་ཇི་བཞིན་བསྐྱངས་སོ། །

{{#arraymap:ཀུན་དགའ་རིན་ཆེན་གྲགས་པ་

|; |@@@ | | }}