19646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་བར་ལྷག་པའི་དངོས་པོ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཆེད་དུ་ཀུན་དགའ་ར་བ་རྩོམ་པ། ཀུན་དགའ་ར་བ་དེར་གཙུག་ལག་ཁང་བཞེངས་པ། གཙུག་ལག་ཁང་དེར་ཉལ་སྟན་ཁྲི་སྟན་སྦྱིན། གཙུག་ལག་ཁང་དེར་རྟག་ཏུ་ཟས་སྦྱིན་པ། གཙུག་ལག་ཁང་དེར་འོང་བ་དང་། འགྲོ་བའི་དོན་དུ་སྦྱིན་པ། གཙུག་ལག་ཁང་དེར་དགེ་སློང་ནད་པའི་ཕྱིར་རམ་ནད་པའི་ཉེ་གནས་ཀྱི་ཕྱིར་སྦྱིན་པ། གཙུག་ལག་ཁང་དེར་བསིལ་དུས་དང་སྤྲིན་ཁེབས་དུས་སམ། རླུང་གི་དུས་སམ་ཆར་གྱི་དུས་སུ་ཟས་ལ་སོགས་པ་སྦྱིན་པའོ། །
Domain ཆོས་ལུགས།