19657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་ཚེ་བའི་དམྱལ་བ་ (1)
Part of speech མིང་ཚིག
Definition ཉི་ཚེ་བའི་སེམས་ཅན་དམྱལ་བ་ནི་མིའི་ཡུལ་གྱི་མྱ་ངམ་གྱི་ཐང་སྟོང་པ་ལ་སོགས་པ་ན་ཉིན་ཞག་རེ་ལ་དམྱལ་བ་དང་མཐོ་རིས་ཀྱི་བདེ་བ་འདྲེན་མར་མྱོང་བ་སྟེ། ལུང་ཀོ་ལྤགས་ཀྱི་གཞི་ལས། ཉིན་པར་གཞན་གྱི་སྲོག་གཅོད་ཅིང་། །ནུབ་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བྱ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་པ་དང་། མཚན་མོ་བྱི་བ་བྱེད་ལ་ཆགས། །ཉིན་པར་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་ཉི་ཚེ་བ་དག་གིས་ཚོང་དཔོན་གྲོ་ཞུན་སྐྱེས་ལ་སྨྲས་པ་བཞིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།