1966

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་རིན་ཆེན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི། གཙང་གི་སྡེ་པ་སྣར་ཐང་པའི་སྲས་སུ་སྐུ་འཁྲུངས། རྗེ་བཙུན་ཀུན་དགའ་སྙིང་པོའི་ཞབས་ལ་གཏུགས་ཤིང་རབ་བྱུང་དང་བསྙེན་རྫོགས་ཀྱང་མཛད། ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་དབང་ལུང་མན་ངག་གསན་ཏེ་བསྒོམས་པས་ཉམས་རྟོགས་མཐར་ཕྱིན། སྔོན་སྦྱངས་སད་པས་བློ་གྲོས་ནང་ནས་རྒྱས་ཏེ་གསུང་རབ་ཉིན་རེ་ལ་ཤོག་བུ་བཅོ་བརྒྱད་ཙམ་ཐུགས་ལ་ཟིན། གཞན་ཡང་མདོ་སྔགས་ཀྱི་ཆོས་བཀའ་མང་པོ་ཞུས་ནས་དེ་དག་གི་དགོངས་དོན་ཐུགས་སུ་ཆུད། རྟག་བརྟན་དམ་ཆོས་གླིང་གི་སློབ་དཔོན་ཞིང་གཤེགས་པའི་རྐྱེན་གྱིས་དེར་ཕེབས་ཏེ་རྒྱལ་ཚབ་མཛད་ནས་ལོ་བཅོ་ལྔ་ཙམ་ལ་བཤད་སྒྲུབ་ཀྱི་གྲྭ་མ་ཉམས་པར་སྐྱོང་བར་མཛད། སྐུ་ཚེའི་སྨད་ལ་གསང་སྔགས་རི་བོ་བདེ་ཆེན་དུ་བཤད་སྒྲུབ་སྤེལ་མའི་ངང་ལ་བཞུགས། ཐུགས་སྲས་ཀྱི་བུ་སློབ་ཀྱང་བློ་གྲོས་རྣམ་རྒྱལ། ཨ་མདོ་ཀུན་དགའ་དཔལ་བཟང་སོགས་མང་པོ་བྱུང་།