1973

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དབྱིངས་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་དཀྱིལ་འཁོར་ཞེས་པའི་ངེས་ཚིག་གམ་དོན་ནི། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། ཀུན་ནི་མ་ལུས་འདུས་པའི་ཀུན། །དབྱིངས་ནི་ཐམས་ཅད་འབྱུང་བས་དབྱིངས། །དཀྱིལ་ནི་ཞིང་ཁམས་རྫོགས་པའི་དཀྱིལ། །འཁོར་ནི་གཙོ་འཁོར་ལྡན་པས་འཁོར། །ཞེས་སོ། །
Domain ཆོས་ལུགས།
ཀུན་དབྱིངས་དཀྱིལ་འཁོར་ (2)
Part of speech མིང་ཚིག
Definition ཀུན་དབྱིངས་ཀྱི་ལྷ་གཙོ་འཁོར་ལ་ཀུན་དབྱིངས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། ཀུན་དབྱིངས་སྐུ་ལྔ་རུ་བཞི་ལ། །གཙོ་འཁོར་བརྒྱ་དང་ཉི་ཤུ་གཅིག། །ཡང་འཁོར་འཇིག་རྟེན་སྐྱོང་བའི་ཚོགས། །ཀུན་ཁྱབ་དབྱིངས་ཀྱི་དཀྱིལ་འཁོར་ཞེས། །ཞེས་སོ། །ཀུན་ཁྱབ་དབྱིངས་ལས་སྤྲོས་པའི་དཀྱིལ་འཁོར་ཞིག་ཡིན་པས། ཀུན་དབྱིངས་དཀྱིལ་འཁོར་ཞེས་དང། ཀུན་ཁྱབ་དབྱིངས་ནི་བདེར་གཤེགས་སྙིང་པོའོ། །
ཀུན་དབྱིངས་དཀྱིལ་འཁོར་ (3)
Part of speech མིང་ཚིག
Definition བླུག་པ་དང། བཞེངས་པ། བྲིས་པའི་ཀུན་དབྱིངས་ཀྱི་དཀྱིལ་འཁོར་ཡོད་དེ། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། དཀྱིལ་འཁོར་བརྩིགས་ཤིང་ཐིག་གདབ་པ། །ཞེས་དང། དཀྱིལ་འཁོར་དལ་བྲི་དཀྱིལ་འཁོར་བཤད། །ཅེས་སོ། །ལུང་འདིས་ཀུན་དབྱིངས་ཆོ་གའི་དཀྱིལ་འཁོར་བརྩིགས་པ་སོགས་བསྟན་པའོ། །