1974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དབྱིངས་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན། སྔགས། བྱ་རྒྱུད། ཕྱི་རྒྱུད་ཆོ་གར་གཏོགས་པའི་ཀུན་དབྱིངས་ཆོ་གའི་ལྷའི་རྟེན་གཏོར་ཞིག་ཡིན། རྒྱུ་ནི་འབྲུ་དཀར་གྱི་ཕྱེ་ལ་བསྲེ་རྫས་སྨན་སྣ་སོགས་བཏབ་སྟེ་བཅའ། བཅའ་སྟངས་ནི། ཡི་དམ་ཕྱི་ནང་གསང་གི་རྟེན་གཏོར་བཅའ་ཐབས་ལས། ཀུན་དབྱིངས་ལ། དབུས་སུ་ཟླུམ་པོ་ཆེ་བ་གཅིག་ལ་བཤོས་ཕྲན་ཆུང་བ་བརྒྱད་ཀྱིས་བསྐོར། ཞེས་སོ། །དེ་བཞིན་བཟོ་དབྱིབས་ནི་ཟླུམ་རིལ་བྱེད་དེ་འགོ་རྩེ་མོ་རྣོ་བ་དང། ཕྲག་པ་དཔུང་ཟླུམ་བཅའ་བ། སྐེད་པ་རིན་ཆེན་སྤུངས་པ་འདྲ་བ། རྩ་བ་རྒྱ་ཆེ་བ་བདལ་བ་ཞིག་བྱེད་དགོས་ཏེ། དབང་ཆེན་གསང་སྔགས་གཏོར་མའི་གལ་བྱང་ལས། རྩེ་མོ་ཐར་ལམ་ཤུལ་འདྲེན་ཡིན་པས་འཕྲ་ལ་རྣོ། འཕྲག་པ་དབང་དང་བྱིན་རླབས་ཡིན་པས་ཟླུམ་ལ་བརྒྱས། རྩ་བ་ཟིལ་ནོན་འགྲོ་འདུལ་ཡིན་པས་བདེ་ལ་བརྒྱ་ཆེ་བར་བྱའོ། །ཞེས་དང་། ཡང་དེ་ཉིད་ལས། རྩེ་མོ་ཤེས་རབ་ཚུལ་དུ་རྣོ་བར་བྱ། འཕྲག་པ་ཡོན་ཏན་ཚུལ་དུ་བརྒྱན་པར་བཤམ། རྐྱེད་པ་ཚུལ་ཁྲིམས་ཚུལ་དུ་སྒེག་པར་བྱ། རྩ་བ་ལས་འཛིན་ཚུལ་དུ་ཆེ་བར་བྱ། ཞེས་སོ། །དེའི་མཐུན་རྫས་ནི། དཀར་མངར་གྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། བཅུད་ཀྱི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་མཛེས་ཞིང་བརྒྱན་དགོས་ཏེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་སུམ། མངར་སུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་དང་། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། དེ་ལྟར་བཅས་པའི་གཏོར་མ་ལ་གོང་གི་འཁོར་ལོ་གདུགས་སུ་ཕུབ། མཛེས་པའི་དར་གྱིས་ཡོལ་བར་བྱ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་དབྱིངས་རྟེན་གཏོར་

|; |@@@ | | }}