1975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དབྱིངས་སྐུ་ལྔ་རུ་བཞི་ (1)
Part of speech མིང་ཚིག
Definition བོན། གསང་སྔགས་ཕྱི་རྒྱུད་གཏོགས་པའི་ཀུན་དབྱིངས་ཆོ་གའི་འཁོར་དང་བཅས་པའི་ལྷ་གཙོ་བོ་ཞིག་ཡིན། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། ཀུན་དབྱིངས་སྐུ་ལྔ་རུ་བཞི་ལ། །གཙོ་འཁོར་བརྒྱ་དང་ཉི་ཤུ་གཅིག ། ཡང་འཁོར་འཇིག་རྟེན་སྐྱོང་བའི་ཚོགས། །ཞེས་སོ། །སྐུ་ལྔ་རུ་བཞི་ནི། ཀུན་ཁྱབ་དབྱིངས་ཀྱི་གཙོ་བོ་དང་། ལྷ་ཆེན་གཤེན་ལྷ་འོད་དཀར། ངོ་བོ་ཉིད་སྐུ་ཨ་ཏི་མུ་ཝེར། ཅིར་ཡང་སྤྲུལ་སྐུ་ཁྲི་བཞི་ནམ་ཏིང་། ལྷ་ཆེན་མ་པང་དབྱིངས་ཆེན་དང་ལྔ་དང་། རུ་བཞི་ནི། ཁྲོ་བོ་ཆེན་པོ་དྲུང་མུ་ཡ། ཁྲོ་བོ་ཆེན་པོ་ཙཀྲ་ཡ། ཁྲོ་བོ་ཆེན་པོ་ཧ་ལ་ཡ། ཁྲོ་བོ་ཆེན་པོ་ཀི་ལ་ཡ་དང་བཞི་བཅས་ཡིན་ནོ། །
Domain ཆོས་ལུགས།